ཀྲུང་གོ་བོད་ཀྱི་དྲ་བ།

2017ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིར་མིང་ཐོ་འགོད་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་6ཉིན། 2017ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་སྐོར་སྐྱོད་སྒྲོག་འགྲེལ་གྱི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་ཆིང་ཧྭ་སློབ་ཆེན་དུ་འཚོགས་པ་དང་ཆབས་ཅིག 2017ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིར་མིང་ཐོ་འགོད་འགོ་ཚུགས་པ་རེད།

སྙན་ཞུའི་ཚོགས་འདུའི་ཐོག“ནུབ་རྒྱུད་དུ་དང་བླངས་པ་བྱེད་པར་བསྐྱོད། ལང་ཚོ་ལས་ཀྲུང་གོའི་ཕུགས་འདུན་འགྲུབ”ཅེས་བརྗོད་དོན་གཙོ་བོར་བྱས་ཏེ་བོད་དང་། ཤིན་ཅང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཆིང་ཧྭ་སློབ་ཆེན་བཅས་ནས་ཡོང་བའི་ནུབ་རྒྱུད་འཆར་གཞིའི་ཕུལ་བྱུང་དང་བླངས་པ་8ཀྱིས་ནུབ་རྒྱུད་འཆར་གཞིར་ཞུགས་པའི་ཉམས་མྱོང་བཤད་པ་རེད། སྙན་ཞུའི་ཚོགས་འདུའི་ཐོག་ཞབས་ཞུའི་དུས་ཚོད་ཐིམ་རྗེས་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཁྲི་ཤོག་གསུམ་པའི་ཐོ་ཡུན་འབྲོག་རར་རྦད་དེ་ལས་ཀར་ཞུགས་པའི་ཧྲའོ་ཧྲུའུ་ཆིན་དང་། དེ་སྔོན་ཨ་ལེ་ཐའེ་ས་ཁུལ་ཧྥུའུ་ཡུན་རྫོང་རིག་གནས་ལུས་རྩལ་ཅུས་སུ་ལས་ཀ་བྱས་ནས་ད་ཆ་ཡུལ་དེ་གར་གཏན་སྡོད་བྱས་པའི་ཝང་ལིན། བོད་ལྗོངས་ལྷུན་གྲུབ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་སུ་ལས་ཀ་བྱས་ནས་ད་ཆ་ཡུལ་དེ་གའི་ངར་ནང་ཤང་དུ་ལས་ཀ་བྱེད་བཞིན་ཡོད་པའི་མཱ་ལི། དེ་སྔའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཆིང་ཧྭ་སློབ་ཆེན་གྱི་སྐབས་16པའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་ཁོངས་མི་ཧོང་ཁྲེང་བཅས་ཀྱིས་ལང་ཚོ་ནུབ་རྒྱུད་དུ་ལེགས་སྐྱེས་སུ་ཕུལ་བ་དང་གཞི་རིམ་ལ་ཞབས་འདེགས་ཞུས་པའི་སྐོར་གྱི་གཏམ་རྒྱུད་དང་མི་སྒེར་གྱི་མྱོང་ཚོར་བཤད་དེ་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མཚོན་པར་བྱས་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།