ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཆུ་ཚ་པོའི་གསོར་འབིགས་འཕྲུལ་འཁོར་ལག་རྩལ་ལ་ཚད་བརྒལ་བྱུང་ནས་ལྷོ་སྣེར་ཚན་རིག་བརྟག་དཔྱད་བྱ་རྒྱུར་ལག་ཆ་ནུས་ལྡན་མཁོ་འདོན་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : སྙིང་ལྕགས།   སྤེལ་དུས། : 2017-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “863འཆར་གཞིའི”རྒྱ་མཚོའི་ལག་རྩལ་ཁྱབ་ཁོངས་ཀྱི“ཁྱགས་སྒྲོམ་ལ་ཆུ་ཚ་པོས་གསོར་འབིགས་པའི་འཕྲུལ་འཁོར་གྱི་འགག་རྩའི་ལག་རྩལ་དང་མ་ལག་གསར་སྤེལ”རྣམ་གྲངས་ཚེས་5ཉིན་ཅི་ལིན་སློབ་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་རྙོག་འཛིང་ཆེ་བའི་ཆ་རྐྱེན་འོག་གསོར་འབིགས་སྔོག་འདོན་ཚོད་ལྟ་རྟེན་གཞིར་ཆུ་ཚ་པོའི་གསོར་འབིགས་འཕྲུལ་འཁོར་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་དང་དྲོད་ཚད་དམའ་པོའི་འོག་ཏུ་ཁྱགས་རོམ་གསོར་འབིགས་ལད་མོའི་ཚོད་ལྟ་ཐེངས་བཞི་ལེགས་སྒྲུབ་བྱས་ཡོད། འབྲེལ་ཡོད་མ་ལག་དེར་ལྷོ་སྣེའི་ཨའེ་མོ་ལི་ཁྱགས་སྒྲོམ་དུ་སྨི་1500ཟིན་པའི་ཁྱགས་ངོས་ལ་གསོར་འབིགས་རྩད་ཞིབ་ཀྱི་ལག་རྩལ་ནུས་པ་ལྡན་ལུགས་ས་གནས་ས་ཐོག་ཏུ་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ངོས་འཛིན་བྱས་ཡོད།

དེའི་ཐོག་ནས་རང་རྒྱལ་གྱི་ཁྱགས་སྒྲོམ་ལ་ཆུ་ཚ་པོས་གསོར་འབིགས་པའི་འགག་རྩའི་ལག་རྩལ་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཚོན་ཡོད་ལ། ལྷོ་སྣེའི་ཁྱགས་སྒྲོམ་དང་རྒྱ་མཚོའི་དབར་གྱི་ནུས་པ་དང་ཁྱགས་སྒྲོམ་ས་སྦྲེལ་མཚམས་ཉེ་འགྲམ་གྱི་ཁྱགས་ཆུའི་ངོ་བོར་ཞིབ་འཇུག་སོགས་རྒྱལ་སྤྱིའི་ཐོག་སྔོན་ཐོན་གྱི་ཚན་རིག་གནད་དོན་ལ་རྨང་གཞིའང་བཏིང་ཡོད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།