ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་ནན་ཅིང་དམར་གསོད་ཆེན་པོའི་སྐབས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་དུ་དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་5ཉིན་གྱི་སྔ་དྲོ། ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་ནན་ཅིང་དམར་གསོད་ཆེན་པོའི་སྐབས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་དུ་2017ལོའི་དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་སྒོ་སྤེལ་བ་དང་། ནན་ཅིང་དམར་གསོད་ཆེན་པོར་སྲོག་ཉེན་ལས་ཐར་བའི་མི་11དང་ཁོང་ཚོའི་ནང་མི་དང་དེ་བཞིན་རྐྱེན་ལམ་དུ་ཤོར་བའི་ནང་མིའི་འཐུས་མི་50ལྷག་ཙམ་གྱིས་རི་པིན་དམག་གི་རྩུབ་སྤྱོད་འོག་རྐྱེན་ལམ་དུ་ཤོར་བའི་གཉེན་ཉེ་དང་སྤུན་ཟླར་མཉམ་དུ་མཆོད་འབུལ་བྱས་པ་དང་མྱ་ངན་ཞུས་པ་རེད།

རང་རྒྱལ་གྱིས་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་ལོ་ལྟར་གྱི་ཟླ་12ཚེས་13ཉིན་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོར་གཏན་འཁེལ་བྱས་པ་དེ་ནི་ལོ་རྒྱུས་ལ་བརྩི་འཇོག་དང་རྐྱེན་ལམ་དུ་ཤོར་མཁན་ལ་མཆོད་འབུལ་བྱེད་པ། རི་པིན་གྱི་གཡས་རུའི་ཕྱོགས་གཏོགས་ལ་ཨ་ལན་ནུས་ལྡན་སློག་པ་བཅས་ཤིག་རེད། ང་ཚོས་འཛམ་གླིང་ཞི་བདེར་དགའ་ཞེན་ཡོད་པའི་མི་ཚོ་དང་མཐུན་སྒྲིལ་བྱེད་འདོད་ཡོད་པ་དང་། དྲང་བདེན་རྒྱལ་ངེས་དང་། ཞི་བདེ་རྒྱལ་ངེས། མི་དམངས་རྒྱལ་ངེས་བཅས་ཡིན།

བྱེད་སྒོའི་ཐོག་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་ནན་ཅིང་དམར་གསོད་ཆེན་པོའི་སྐབས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་དང་། ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་ནན་ཅིང་དམར་གསོད་ཆེན་པོའི་སྐབས་གནོད་འཚེ་ཕོག་མཁན་གྱི་རོགས་སྐྱོར་མཐུན་ཚོགས་ཀྱི་འཐུས་མི་དང་དེ་བཞིན་རི་པིན་ཙི་ཅིན་ཚའོ་གླུ་གཞས་མཉམ་གཏོང་ཚོགས་པའི་འཐུས་མི་མཁྱེན་ལྡན་མ་ཏ་མོན་ཀའོ་ཙི་དང་རི་པིན་གྱི“ཡིད་བཅངས་མཐུན་ཚོགས·ནན་ཅིང”ཀྲུང་གོར་མཛའ་གྲོགས་འཚམས་འདྲི་ཚོགས་པའི་འཐུས་མི་མཁྱེན་ལྡན་མ་སུང་ཀང་ཧོན་གྱིས་སྔ་རྗེས་སུ་རྐྱེན་ལམ་དུ་ཤོར་མཁན་ལ་མེ་ཏོག་གཟེབ་མ་ཕུལ་བ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།