ཀྲུང་གོ་བོད་ཀྱི་དྲ་བ།

ནང་སོག་གིས་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱ་ཤུགས་ཆེ་རུ་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་3ཉིན། འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཡག་པོ་བྱ་ཆེད། ཉེ་ཆར་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་《འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་ལས་ཀའི་ལག་བསྟར་བསམ་འཆར་》(གཤམ་ལ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཤིང་། 《བསམ་འཆར་》ནང་འཚོ་བར་དཀའ་ངལ་ཡོད་པའི་ཚོགས་སྤྱི་གཙོ་བོའི་གཞི་རྩའི་འཚོ་བའི་འགན་ལེན་བྱ་ཐབས་དོན་འཁྱོལ་དང་། འཚོ་བ་གཏན་འཇགས་མེད་པའི་འཁྱམ་པོར་རོགས་སྐྱོབ་དོ་དམ་སོགས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།

 《བསམ་འཆར་》ནང་། རང་བྱུང་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་ལས་ཀ་ནན་ཏན་ངང་སྒྲུབ་པ་དང་རང་བྱུང་གནོད་འཚེ་སྣ་ཚོགས་ཀྱི་རོགས་སྐྱོབ་ལས་ཀ་ཧུར་ཐག་ངང་སྒྲུབ་སྟེ། ནང་སོག་རང་སྐྱོང་ལྗོངས་ཀྱི་བརྡ་ལན་སྤྲོད་དགོས་པའི་རིམ་པར་སླེབས་པའི་རང་བྱུང་གནོད་འཚེ་དུས་ཐོག་ཏུ་བརྡ་ལན་གཏོང་དགོས་པ་དང་། འཕྲལ་དུ་གེགས་སེལ་དངོས་ཟོག་གནོད་འཚེ་ཕོག་མིར་སྤྲོད་ཐུབ་པ་བྱེད་དགོས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་ཀ་སྤྱི་འདོམས་ངང་ཡག་པོ་སྒྲུབ་སྟེ་གནོད་འཚེའི་རྐྱེན་གྱིས་གས་རྡིབ་ཤོར་བའི་ཁང་པ་སླར་གསོ་བསྐྱར་སྐྲུན་ལས་ཀ་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དང་འབྲོག་ཁུལ་གསར་པ་དང་ཉེན་ཡོད་ཁང་པ་སྒྱུར་བཀོད་འཛུགས་སྐྲུན་གྱི་འཆར་གཞིའི་ནང་བཅུག་སྟེ་གས་རྡིབ་ཤོར་བའི་ཁང་པའི་ཁ་གསབ་ཚད་གཞི་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཟ་འབྲུའི་ཁ་གསབ་ཚད་གཞི་རིམ་པས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ད་དུང་《བསམ་འཆར་》ནང་། དཀའ་གནས་སུ་གྱར་བའི་བྱིས་པ་དང་དབུལ་ཞིང་ཕོངས་པའི་དྭ་ཕྲུག་དང་བྱིས་པ་དབང་པོ་སྐྱོན་ཅན་ལ་དོ་ཁུར་དང་སྲུང་སྐྱོང་བྱེད་པའི་ལས་ཀ་ཡག་པོ་སྒྲུབ་དགོས་པ་དང་། དཀའ་གནས་སུ་གྱར་བའི་བྱིས་པའི་རིགས་དབྱེའི་འགན་ལེན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ད་ཡོད་དཀའ་གནས་སུ་གྱར་བའི་བྱིས་པར་གྲལ་བཤེར་ཞིབ་ཚགས་བྱས་ནས་ཡིག་ཚགས་བཟོ་དགོས་པ། མོང་དང་ཆི་(གྲོང་ཁྱེར་དང་ཆུས་)དང་། སུའུ་མུའུ་(ཁྲོམ་གཞུང་དོན་གཅོད་ཁྲུའུ་) ཀ་ཁྲ(སྡེ་ཁུལ་གྲོང་མི་ཨུ་ལྷན་)བཅས་རིམ་བཞི་མཉམ་སྒུལ་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དཀའ་གནས་སུ་གྱར་བའི་བྱིས་པར་ཞབས་འདེགས་ཞུ་བའི་དྲ་རྒྱ་གཡས་གཡོན་དང་གོང་འོག་གང་སར་ཁྱབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།