ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་ལ་དངོས་གཞིའི་འཚམས་འདྲི་མཛད་ཚར་ཏེ་ཕྱིར་པེ་ཅིན་ལ་ཐོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་ལ་དངོས་གཞིའི་འཚམས་འདྲི་མཛད་པར་མ་ཟད་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་དུས་བཅད་ཐུག་འཕྲད་སྐོར་ཐེངས་ལྔ་བར་ཞུགས་རྗེས། ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ཆེད་བཏང་གནམ་གྲུར་བཞུགས་ནས་ཕྱིར་པེ་ཅིན་དུ་ཐོན་པ་དང་། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧོང་ཡང་ལིས་ཁི་ཆང་དང་མཉམ་དུ་ཕྱིར་ཐོན།

ཨོ་ཁི་ལན་གྲོང་ཁྱེར་དང་འབྲལ་སྐབས། ནེའུ་ཙི་ལན་གྱི་ཁོར་ཡུག་པུའུ་ཀྲང་ཧྲི་མུས་སི་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་ནེའུ་ཙི་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ལུའུ་ཐུང་སོགས་གནམ་གྲུ་ཐང་དུ་སོང་ནས་ཙུང་ལི་ལིས་ཁི་ཆང་སོགས་ལ་སྐྱེལ་མ་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།