ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨོ་སི་ཁྲུ་ལི་ཡའི་ཞིན་ནན་ཝེ་ཨར་ཧྲི་ཀྲིག་གི་ཀྲིག་ཀྲང་པེ་ལོས་ཅི་ཁི་ལིས་ཨན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强会见澳大利亚新南威尔士州州长贝雷吉克利安.jpg

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁོང་བཞུགས་སའི་མགྲོན་ཁང་དུ་ཨོ་སི་ཁྲུ་ལི་ཡའི་ཞིན་ནན་ཝེ་ཨར་ཧྲི་ཀྲིག་གི་ཀྲིག་ཀྲང་པེ་ལོས་ཅི་ཁི་ལིས་ཨན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་། དངོས་གཉེར་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཅིང་དམངས་ཁྲོད་མཛའ་མཐུན་འབྲེལ་བ་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དེ་དག་ནི་རྒྱལ་ཁབ་གཉིས་ཀྱིས་ས་གནས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་རྒྱབ་སྐྱོར་བྱས་པ་དང་འབྲེལ་ཐབས་མེད། ང་ཚོས་ཀྲུང་གོའི་ཁེ་ལས་ཀྱིས་ཞིན་ནན་ཝེ་ཨར་ཧྲི་ཀྲིག་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ནུས་ཁོངས་ཐོན་ཁུངས་དང་ཞིང་ཕྱུགས་ལས། དངུལ་ལོར། ཚན་རྩལ་གསར་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། རིག་གནས། སློབ་གསོ། གནས་སྐོར་སོགས་ཐད་ཀྱི་བརྗེ་རེས་ཇེ་མང་དུ་འགྲོ་བར་སྐུལ་མ་གཏོང་ངེས་ཡིན། ཞིན་ནན་ཝེ་ཨར་ཧྲི་ཀྲིག་གིས་འདིར་ཡོང་ནས་མ་དངུལ་གཏོང་བ་དང་ཚོང་ལས་གཉེར་བའི་ཀྲུང་གོའི་ཁེ་ལས་ལ་ཁོར་ཡུག་བཟང་བོ་དང་སྟབས་བདེ་འདོན་སྤྲོད་བྱེད་དགོས་ཟེར།

པེ་ལོས་ཅི་ཁི་ལིས་ཨན་གྱིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་ད་ཐེངས་འཚམས་འདྲི་མཛད་པར་གྲུབ་འབྲས་བཟང་བོ་ཐོབ་པར་མ་ཟད། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་དང་ཞིན་ནན་ཝེ་ཨར་ཧྲི་ཀྲིག་གིས་ཀྲུང་གོར་བརྗེ་རེས་དང་མཉམ་ལས་བྱེད་པར་གོ་སྐབས་བཟང་བོ་འདོན་སྤྲོད་བྱས། ཞིན་ནན་ཝེ་ཨར་ཀྲིག་གིས་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོ་བར་གྱི་མཛའ་མཐུན་འབྲེལ་བར་གཅེས་སྤྲས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་རང་མོས་ཉོ་ཚོང་གྲོས་མཐུན་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་དངུལ་ལོར་དང་སྨན་བཅོས། སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།