ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུའི་འགན་འཁྲིའི་ལས་བགོས་གཏན་འཁེལ་བྱས་པ་དང་ལོ་ཧྲིལ་བོའི་བྱ་བ་དངོས་འབེབས་བྱེད་པར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ད་ལོའི་སྲིད་གཞུང་བྱ་བའི་ཕྱོགས་བཅུ་གཅིག་གི་ལས་འགན་གལ་ཆེན་ང་དྲུག་གསལ་བོར་བཏོན་པ་དང་ལས་ཁུངས་ཀྱི་ལས་བགོས་བྱ་བ་གཏན་འཁེལ་བྱས་ཏེ་བསྟན་དོན། གཅིག དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་སྲ་བརྟན་དང་རྒྱ་སྐྱེད་དགོས། གཉིས། ཁྱོན་ཡོངས་ནས་བཅོས་སྒྱུར་གཙོ་བོ་ཟབ་སྤེལ་བྱེད་དགོས། གསུམ། གཏན་འཁེལ་བྱས་ཟིན་པའི་ད་ལོའི་དཔྱ་ཁྲལ་ཇེ་ཉུང་དང་འགྲོ་གྲོན་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་མྱུར་དུ་དངོས་འབེབས་བྱེད་པ་དང་མཉམ་དུ་ཕྱོགས་མང་པོ་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། བཞི། གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ། སྒུལ་ནུས་གསར་རྙིང་མྱུར་དུ་བསྒྱུར་བའི་རེ་བ་ལྟར། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བརྒྱུད་རིམ་ཡོངས་ཀྱི་ཞབས་ཕྱིའི་མ་ལག་གསར་སྐྲུན་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་དཔལ་འབྱོར་ལོངས་སྤྱོད་སོགས་སྒུལ་ནུས་གསར་བ་འཕེལ་རྒྱས་སུ་གཏོང་བར་མ་ཟད། སྣེ་ཁྲིད་ཀྱི་ནུས་པ་ཆེ་བའི་སྲོལ་རྒྱུན་ཐོན་ལས་སྐོར་ཞིག་གི་བཅོས་སྒྱུར་རིམ་འཕར་གཙོར་བཟུང་སྟེ་ལག་བསྟར་བྱས་ནས། ཀྲུང་གོའི་གསར་བཟོ་སྤུས་ཚད་ཇེ་ཆེར་གཏོང་དགོས། ལྔ། དམངས་ཚིས་ལེགས་བཅོས་ཀྱི་བྱེད་ཐབས་གལ་ཆེན་དངོས་འབེབས་བཟང་བོ་བྱས་ནས། དབུལ་ཐར་མཁྲེགས་གཏོར་ལས་འགན་ཡོངས་འགྲུབ་བྱེད་པ་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།