ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་གྲོས་གཞི514དང་འཐུས་མིའི་གྲོས་འགོ8360འབྱོར་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས13ཉིན་གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ལྔ་པའི་དྲུང་ཡིག་ཁྲུའུ་ནས་ཤེས་རྟོགས་བྱས་པར། ད་ཐེངས་ཀྱི་ཚོགས་ཆེན་རིང་འཐུས་མི་ཚོགས་པ་དང་འཐུས་མིས་མིང་མཉམ་བཀོད་ཐོག་ནས་བཏོན་པའི་གྲོས་གཞི་ཁྱོན514འབྱོར་བའི་ནང་ཁྲིམས་འཛུགས་ཐད་ཀྱི་གྲོས་གཞི492དང་། ལྟ་སྐུལ་ཐད་ཀྱི་གྲོས་གཞི16། འབྲེལ་ཡོད་གཏན་འབེབས་བྱ་བ་དང་འབྲེལ་བ་ཡོད་པའི་གྲོས་གཞི6བཅས་ཡོད་པ་རེད།

 ཤེས་རྟོགས་བྱུང་བར་གཞིགས་ན། འཐུས་མི་ཚོས་བཏོན་པའི་གྲོས་གཞིའི་ནང་གཙོ་བོ་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དང་། འཕེལ་རྒྱས་ཀྱི་སྒྲིག་སྲོལ་གསར་པ་དང་བཅའ་ཁྲིམས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་རྒྱུ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་རྒྱུ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་དྲུང་ཡིག་ཁྲུའི་གྲོས་གཞི་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཁུང་ཕིང་གིས་ད་རེས་ཀྱི་ཚོགས་ཆེན་ནང་འཐུས་མི་ཚོས་བཏོན་པའི་གྲོས་གཞིའི་གྲངས་འབོར་དེ་ན་ནིང་ལས462ཀྱིས་མང་བ་ཡོད་པ་མ་ཟད། ད་དུང་སྤུས་ཚད་ལ་དོ་སྣང་བྱས་ཡོད་པ་རེད། བརྗོད་དོན་གཙོ་བོའི་བརྟག་ཞིབ་དང་། ལྟ་ཞིབ། བཞུགས་མོལ་བཅར་འདྲི་སོགས་ཀྱི་རྣམ་པ་ལས་གྲུབ་པའི་གྲོས་གཞི350ཡོད་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི68.09%བཟུང་ཡོད་པ་དང་། འཐུས་མི་ཚོས་བཏོན་པའི་བཅའ་ཁྲིམས་གྲོས་གཞིའི་ཁྲོད་མང་ཆེ་བའི་ནང་བཅའ་ཁྲིམས་ཀྱི་འཆར་ཟིན་མ་ཡིག་དང་དེའི་གསལ་བཤད་ཆབས་ཅིག་ཏུ་བཏོན་ཡོད་ཅེས་ངོ་སྤྲོད་གནང་བྱུང་།
         ཁུང་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོས་བསྡུར་ནན་ཏན་དང་གྲོས་གཞི་བཏོན་པ་དང་ཆབས་ཅིག་འཐུས་མི་ཚོས་ད་དུང་སྒྱུར་འཕེལ་བརྟན་གསུམ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་གྲོས་འགོ་བཏོན་ཡོད་པ་རེད། ཚོགས་ཆེན་རིང་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་གྲོས་གཞི་ཚོགས་ཆུང་ལ་འཐུས་མིའི་གྲོས་འགོ་ཁྱོན8360འབྱོར་བ་དང་མིག་སྔར་འཐུས་མི་ཚོས་བཏོན་པའི་གྲོས་འགོའི་བསྒྲུབ་འགན་ཁུར་མཁན་ཚན་པ་དང་སྡེ་ཚན་དང་རིམ་གྱིས་མཐུན་སྦྱོར་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།