ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ3པའི་ཚེས14ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན། 

2.jpg

ཟླ3པའི་ཚེས14ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་པ་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཆའོ་ཞོ་ཡང་གིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་དམངས་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་བཟོ་བཅོས་བྱེད་པའི་བསམ་འཆར་སྐོར་གྱི་སྙན་ཞུ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་གྲངས་ཀ་དང་འདེམ་བསྐོའི་གནད་དོན་སྐོར་གྱི་ཆོད་དོན་འཆར་ཟིན་ལ་བཟོ་བཅོས་བྱེད་པའི་བསམ་འཆར་གྱི་སྙན་ཞུ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་འདེམ་བསྐོ་བྱེད་པའི་བྱེད་ཐབས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་བཟོ་བཅོས་བྱེད་པའི་བསམ་འཆར་སྐོར་གྱི་སྙན་ཞུ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་འདེམ་བསྐོ་བྱེད་པའི་བྱེད་ཐབས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་བཟོ་བཅོས་བྱེད་པའི་བསམ་འཆར་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

གྲོས་ཚོགས་ནས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་ཕུལ་བའི་ཚོགས་ཆེན་གྱི་དྲུང་ཡིག་ཁང་གི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་བཅས་ལ་གྲོས་ཞིབ་དང་བཟོ་བཅོས་བྱས་པའི་གནས་ཚུལ་དང་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཡིག་གི་ཡར་ཞུ་ལ་ཉན།

གྲོས་ཚོགས་ནས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞིན་ཁྲོན་དབྱིན་གྱིས་ཕུལ་བའི་ཚོགས་ཆེན་གྱི་དྲུང་ཡིག་ཁང་གི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་བཅོད་པའི་བསམ་འཆར་སྐོར་གྱི་སྙན་ཞུ་ལ་ཉན།

གྲོས་ཚོགས་ནས་དམངས་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་གྱི་གྲོས་གཞི་བརྡས་གཅོད་མ་ཡིག་ལ་འཐད་པ་བྱུང་བ་དང་། གོང་གི་ཆོད་དོན་འཆར་ཟིན་གྱི་གྲོས་གཞི་བརྡས་གཅོད་མ་ཡིག་དང་། བྱེད་ཐབས་འཆར་ཟིན་གྱི་གྲོས་གཞི་བརྡས་གཅོད་མ་ཡིག གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཡིག་དང་འབྲེལ་ཡོད་སྙན་ཞུ་དག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱེད་པར་སྤྲད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།