ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་སོགས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས11ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་དང་ལྷན་དུ་འཛོམས་ནས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རླབས་ཆེ་བའི་མེས་རྒྱལ་དར་རྒྱས་གོང་འཕེལ་འབྱུང་རྒྱུའི་སྨོན་འདུན་ཞུས་ལ། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་གི་མ་འོངས་པ་མཉམ་དུ་གླེང་།

ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་དང་ལྷན་དུ་འཛོམས་ནས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རླབས་ཆེ་བའི་མེས་རྒྱལ་དར་རྒྱས་གོང་འཕེལ་འབྱུང་རྒྱུའི་སྨོན་འདུན་ཞུས་ལ། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་གི་མ་འོངས་པ་མཉམ་དུ་གླེང་།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་རིགས་བྱ་བར་ཧ་ཅང་མཐོང་ཆེན་གནང་བ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་གཙིགས་འཛིན་ཆེན་པོ་མཛད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ཐེངས་མང་པོར་མི་རིགས་ས་ཁུལ་དུ་རྟོག་ཞིབ་གཟིགས་བཤེར་དུ་ཕེབས་ནས། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་བདེ་སྡུག་ལ་རྒྱུས་ལོན་མཛད་པ་དང་། མི་རིགས་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་མཛད། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། མི་རིགས་ས་ཁུལ་གྱིས་གོ་སྐབས་དམ་འཛིན་དང་བཅོས་སྒྱུར་ཟབ་སྤེལ། གསར་སྐྲུན་ལ་སྐུལ་འདེད། འགྲན་རྩོད་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། བཅོས་སྒྱུར་དང་འཕེལ་རྒྱས་ཐད་ནས་གོམ་སྟབས་གསར་བ་སྤེལ་ནས། གྲུབ་འབྲས་གསར་བ་བླངས་ཡོད།

མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གློག་འོད་རྣམ་པར་བཀྲ་བ་དང་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད། དུས་ཚོད་བདུན་དང་སྐར་མ་ཞེ་ལྔའི་ཐོག དགའ་སྤྲོའི་རོལ་མོའི་འགྲོས་དང་བསྟུན་ནས། ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དག་ཚོགས་རར་ཐོན་པ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕེན་སོགས་ཀྱི་དགའ་བའི་འཛུམ་དང་བཅས་མི་རིགས་ཀྱི་ལྭ་བ་གྱོན་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་བ་དང་ཕན་ཚུན་ལ་འཚམས་འདྲི་ཞུས།

ཞི་ཅིན་ཕེན་གྱི་འགྲམ་དུ་བཙོག་ཡོད་པའི་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་རྔ་ཆེན་ཞང་དར་དམར་སྡེ་བའི་ཧྲུའུ་ཅི་དང་པོ་འཐུས་མི་སྐལ་བཟང་སྒྲོན་དཀར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་ཞེས་ཞི་ཅིན་ཕེན་ལ་འཚམས་འདྲི་ཞུས། ཞི་ཅིན་ཕེན་གྱིས་ས་དེའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། སྐལ་བཟང་སྒྲོན་དཀར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ་དར་དམར་སྡེ་བ་ནི་སྔོན་ཆད་དབུལ་ཕོངས་སྡེ་བ་གྲགས་ཅན་ཞིག་ཡིན་པ་དང་། ད་ལྟ་སློབ་གྲྭར་འགྲོ་ན་སློབ་རིན་སྤྲོད་མི་དགོས་པ་དང་། སྨན་བཅོས་བྱེད་ན་སྡེ་བའི་ཕྱི་རུ་འགྲོ་མི་དགོས་ལ། རྒན་པའི་འཚོ་བར་དཀའ་ངལ་མེད་པ་དང་། སྡོད་ཁང་ཡང་གྲོང་ཁྱེར་ལ་དོ་བ་ཡིན་ཞེས་ཞུས་པ་ན། ཞི་ཅིན་ཕེན་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་། ཁོ་མོ་བརྒྱུད་དེ་ཡུལ་མི་རྣམས་ལ་འཚམས་འདྲི་མཛད་པ་མ་ཟད། ཚང་མའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས། འཐུས་མི་མད་མད་ཐིས་དབྱི་པུའུ་རེ་དབྱི་མུའུ་མད་མད་ཐིས་མེན་ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཚིག་ལེ་རྫོང་ཚིག་ལེ་ཞང་པ་ཞི་ཡུས་ཅི་མད་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རེད། ཁོས་སྤྱི་ཁྱབ་ཧྲུའུ་ཅུ་ལ་ས་དེའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་སྒྱུར། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སོགས་ཕྱོགས་ཀྱི་གནས་ཚུལ་ཡར་ཞུ་བྱས། ཞི་ཅིན་ཕེན་གྱིས་ཁོ་ལ་མི་རིགས་མཐུན་སྒྲིལ་བྱ་བ་དངོས་སུ་བཟང་པོར་བསྒྲུབ་ནས། ཚང་མའི་སྣེ་ཁྲིད་དེ་མཐུན་སྒྲིལ་གཅིག་གྱུར་གྱིས་འབྱོར་འབྲིང་གི་ལམ་དུ་སྐྱོད་དགོས་པའི་མངགས་བཅོལ་གནང་།

ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཀྱིས་ཀྱང་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་ལ་བརྩེ་བའི་གསུང་གླེང་མཛད་པ་དང་། ཚང་མར་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོར་དམིགས་ནས་འགན་ནུས་ལག་བསྟར་ནན་མོ་བྱེད་པ་དང་། བློ་འདོན་ཇུས་འབུལ་བཟང་པོ་བྱེད་པ། བཅོས་སྒྱུར་ལ་ཡར་སྐུལ་དང་འཕེལ་རྒྱས་ལ་ཇུས་འགོད། དམངས་ཚིས་ལ་ཕན་ཁེ་སྐྲུན་པའི་དོན་དངོས་མང་ཙམ་བསྒྲུབ་ནས། རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་སྐུལ་མ་གནང་།

ཇ་སྟོན་ཚོགས་འདུ་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་མགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲུན་ལན་གྱིས་གཏམ་བཤད་གནང་། ཁོ་མོས་བསྟན་དོན། ཏང་ཀྲུང་དབྱང་གིས་མི་རིགས་བྱ་བར་ཧ་ཅང་མཐོང་ཆེན་གནང་ནས། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད་པ་དེ་མི་རྣམས་ཀྱིས་གསལ་པོར་ཤེས་པ་དང་དེར་རྩ་བ་དང་རྩེ་མོ་རྒྱས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་བགྲོད་ལམ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་འཐུས་ཚང་དུ་གཏོང་བ། མི་རིགས་ཀྱི་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་མི་རིགས་སོ་སོའི་ཆེས་མཐོའི་ཁེ་ཕན་ལ་བརྩི་བ། ཡུལ་དར་དམངས་ཕྱུག་དང་དབུལ་སྐྱོར་མཁྲེགས་གཏོར་གྱི་འགུལ་སྐྱོད་ཤུགས་ཆེན་པོས་ལག་བསྟར་བྱེད་པ། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། སྤེལ་རེས་བཅས་ལ་ཡར་སྐུལ་བྱེད་པ་བཅས་བྱས་ཏེ། མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་སྐྲུན་དགོས། མི་རིགས་སོ་སོས་མཐུན་སྒྲིལ་གཅིག་གྱུར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་ཁྲོད་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་དགོས་ཟེར།

ཇ་སྟོན་ཚོགས་འདུའི་སྟེང་། རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བློ་མཐུན་ཁ་ཤས། རྒྱལ་སྲིད་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་བློ་མཐུན་ཁ་ཤས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་རང་སྐྱོང་ལྗོངས་ལྔའི་འཐུས་མི་དང་ཨུ་ཡོན་གཞན་དག ཞིང་ཆེན་དང་ལྗོངས། གྲོང་ཁྱེར་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ། ཐེ་ཝན་འཐུས་ཚབ་ཚོགས་པ་བཅས་ཀྱི་འགན་ཁུར་པ། འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་པ་སོགས་མི་སྟོང་གཅིག་དང་བརྒྱ་ཙམ་ཇ་སྟོན་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།