ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཀན་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་ཀན་སུའུ་འཐུབ་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བསྟན་དོན། ལྕགས་ཀྱི་རིལ་བུ་བཟའ་བར་ཁྲོ་ཡི་མཆེ་བ་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་ཐོག་མར་རང་ཉིད་ལེགས་བཅོས་བྱས་ཏེ། རང་ཉིད་ཀྱི་སྐྱོན་ཆ་ཡོ་བསྲང་དང་དགེ་མཚན་སྔོག་དགོས་པར་མ་ཟད། རང་གིས་རང་ལ་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྤྱོད་ལམ་མི་ལེགས་པ་ཐམས་ཅད་འདོར་དགོས་པ་ལས་གཞན། བསམ་སྦྱོར་གཉིས་ཀྱི་སྟེང་ནས་འདུ་ཤེས་བཞི་དང་ལེན་བྱེད་དགོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནས་མགོ་རྩོམ་པ་དང་མགོ་ཁྲིད་ལས་བྱེད་པས་གཟབ་ནན་བྱེད་རྒྱུ་མགོ་བརྩམས་ཏེ། ཏན་ཏན་ཏིག་ཏིག་ངང་ལྟ་སྐུལ་སྒྲིག་ཁྲིམས་བྱ་བའི་ཆོས་ཉིད་ལག་བསྟར་བྱེད་དགོས་པ་དང་། སྒྲིག་ཁྲིམས་འཛིན་པའི་ཁྲོད་གནས་པའི་རྒྱབ་འགལ་དང་ཚུལ་དང་མི་མཐུན་པའི་སྣང་ཚུལ་རྩད་གཅོད་བྱས་ཏེ། ལས་རྐང་དོར་བ་དང་འགན་འཁྲི་དོར་བའི་གནད་དོན་ལ་འདྲི་རྩད་ནན་མོ་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རང་གི་ལྟ་སྐུལ་དང་ལེན་བྱས་པའི་ཞོར་ནས། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་དམངས་གཙོའི་ལྟ་སྐུལ། སྤྱི་ཚོགས་ཀྱི་ལྟ་སྐུལ། གཏམ་གླེང་ལྟ་སྐུལ་བཅས་དང་ལེན་བྱེད་པ་ཟུང་དུ་སྦྲེལ་ཐོག བློ་དཀར་གཞུང་དྲང་དང་འགན་འཁྲི་གཡོལ་མེད་ཕྲག་སྟེང་དུ་ལེན་ཕོད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་མཐར།གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།