ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་པེ་ཅིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

wqs0.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་པེ་ཅིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་ཚེས་ལྔ་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་པེ་ཅིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། ཏང་གིས་ཡུན་རིང་བོར་སྲིད་འཛིན་པའི་ཆ་རྐྱེན་འོག་རང་ཉིད་ལ་ལྟ་སྐུལ་བྱེད་པའི་ཕན་ཡོད་བྱེད་ཐབས་འཚོལ་ཞིབ་བྱེད་པ་དང་། རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཏང་གིས་གཅིག་གྱུར་མགོ་ཁྲིད་བྱེད་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་སྒྲིག་གཞི་འཛུགས་དགོས་ཟེར།

འཐུས་མིའི་གཏམ་བཤད་ལ་ཉན་རྗེས། ཝང་ཆི་ཧྲན་གྱིས་ཏང་ནི་ཡོད་ཚད་ལ་མགོ་ཁྲིད་བྱེད་མཁན་ཡིན་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་ལས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རེ་བ་དང་། སྲིད་འཛིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་ཇུས་གཞི་མཚོན་པར་བྱས་ཡོད་པས། ང་འཐད་པ་ཡིན་། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་ཆབ་སྲིད་བཅོས་བསྒྱུར་གལ་ཆེན་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཐད་ཀྱི་གཅིག་གྱུར་མགོ་ཁྲིད་ལ་ཤུགས་སྣོན་རྒྱུ་དེ་ཡིན། ཏང་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ཐད་ཕྱོགས་གཉིས་འདུ་བ་སྟེ། གཅིག་ནི་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ་དང་། སྒྲིག་ལམ་ཁྲིམས་ལུགས་ལས་དམ་པོར་བྱེད་པ་དང་སྒྲིག་ལམ་ཁྲིམས་ལུགས་ཀྱི་སྔོན་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ། སྒྲིག་ལམ་དང་ཁྲིམས་ལུགས་གཉིས་ཁ་བགར་བ། ཏང་གི་སྒྲིག་ཡིག་དང་སྒྲིག་ལམ་ཐིག་ཤིང་དུ་བྱས་ཏེ། སྒྲིག་ལམ་དམ་པོར་བརྟེན་ནས་ཏང་ཡོངས་ལ་བཅོས་སྐྱོང་དང་ཏང་ཡོངས་ལ་དོ་དམ་བྱེད་པ་དང་། གཉིས་ནི་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དང་། རྩ་ཁྲིམས་དང་ཁྲིམས་ལུགས། ལུགས་སྲོལ་གཞིར་བཟུང་ནས་རྒྱལ་སྐྱོང་སྲིད་འཛིན་བྱེད་རྒྱུ་དེ་ཡིན། ཏང་གིས་རང་སྟེང་གི་ལྟ་སྐུལ་ལ་ཤུགས་སྣོན་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འཕྲུལ་ཆས་ཐད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། སྤྱིའི་དབང་ཆ་ལག་བསྟར་བྱེད་བཞིན་པའི་གཞུང་ཞབས་མི་སྣ་ཡོངས་ལ་ལྟ་སྐུལ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་རང་སྟེང་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས། ཏང་གི་མགོ་ཁྲིད་འོག ཏང་སྲིད་གཉིས་ལས་བགོ་བྱེད་པ་ལས་ཁ་ཁར་བགར་ཐབས་མེད་པས། ངེས་པར་དུ་ལངས་ཕྱོགས་བརྟན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་རྟོན་དང་གཞུང་ལུགས་ཡིད་རྟོན། ལམ་ལུགས་ཡིད་རྟོན། རིག་གནས་ཡིད་རྟོན་བཅས་ཇེ་བརྟན་དུ་གཏོང་དགོས། རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་གཏན་འབེབས་བྱེད་པ་བརྒྱུད་དེ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལ་ངེས་པར་མཁོ་བའི་བརྟག་བཤེར་དབང་ཆ་དང་བྱེད་ཐབས་བསྩལ་ནས། ཏང་གི་འདོད་བློ་དེ་རྒྱལ་ཁབ་ཀྱི་འདོད་བློ་རུ་བསྒྱུར་དགོས། ཉར་འཇོག་ནི་བརྟག་བཤེར་དབང་ཆའི་བྱེད་ཐབས་ཡིན་པས། དེ་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་ཁྲོད་གཏན་ཁེལ་གསལ་བོ་བྱེད་དགོས། རང་རྒྱལ་གྱི་ཁྲིམས་ལུགས་མ་ལག་འཐུས་ཚང་དུ་སོང་བ་དང་བསྟུན་ནས། ཆབ་སྲིད་སྒྲིག་ལམ་ཡོངས་རྫོགས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་སུ་གྱུར་བ་དང་། སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་པ་དང་། ཏང་གི་སྒྲིག་ལམ་དང་ཁྲིམས་ལུགས་ལ་བར་མཚམས་མེད་པར་བྱས་ཏེ། ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་བབ་བསྟུན་མདུན་སྐྱོད་མངོན་འགྱུར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།