ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་གུང་གཞོན་ཚོགས་པ་དང་སྤྱིའི་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་རྣམས་དང་ལྷན་དུ་རྒྱལ་དོན་ལ་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་ཚེས་བཞི་ཉིན་གུང་གཞོན་ཚོགས་པ་དང་སྤྱིའི་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་རྣམས་ཀྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་སྟེང་ཞུགས། ཚོགས་ཞུགས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། ཝང་ཆི་ཧྲན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཏན་འབེབས་བྱས། དེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་དུས་བསྟུན་མདུན་སྐྱོད་ཀྱི་རེ་བ་གསར་བ་མཚོན་ཡོད་པར་མ་ཟད། ང་ཚོ་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་དང་སྲིད་འཛིན་བསམ་ཕྱོགས་མངོན་པར་མཚོན་ཡོད། 

བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མགོ་རྩོམ་སར་བརྩིས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་འདེགས་སྐྱོར་དུ་བརྩིས་ནས། ཕྱོགས་ལྔ་གཞི་གཅིག་གི་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་སྤེལ་ཏེ། རྒྱལ་སྐྱོང་སྲིད་འཛིན་གྱི་དུས་རབས་གསར་བ་ཞིག་གི་སྒོ་འཕར་ངང་གིས་ཕྱེ་ཡོད། ཕྱོགས་ལྔ་གཞི་གཅིག་དང་ཁྱོན་ཡོངས་བཞི་གཅིག་ཏུ་སྦྲེལ་བ་དང་ཕན་ཚུན་ལ་ཡར་སྐུལ་བྱེད་དགོས། ཕྱོགས་ལྔ་གཞི་གཅིག་གི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ན་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་བརྟེན་དགོས་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་སྲུང་ལ་བརྟེན་དགོས། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཏང་གིས་མགོ་ཁྲིད་པའི་ཚོགས་པ་དང་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་བྱ་བར་མགོ་ཁྲིད་པའི་ནུས་པ་ཇེ་ཆེར་བཏང་ནས། མང་ཚོགས་ཀྱིས་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལ་རྒྱུས་ལོན་བྱེད་པར་རོགས་རམ་བྱས་ཏེ། ཏང་གིས་སྲིད་འཛིན་པའི་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་ཇེ་བརྟན་དུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།