ཀྲུང་གོ་བོད་ཀྱི་དྲ་བ།

«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཐུན་རིག་གནས་ཞབས་ཕྱིའི་འགན་སྲུང་བཅའ་ཁྲིམས»དེ་ཟླ་གསུམ་པའི་ཚེས་གཅིག་ཉིན་དངོས་སུ་ལག་བསྟར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཐུན་རིག་གནས་ཞབས་ཕྱིའི་འགན་སྲུང་བཅའ་ཁྲིམས»དེ་ཟླ་གསུམ་པའི་ཚེས་གཅིག་ཉིན་དངོས་སུ་ལག་བསྟར་བྱས། བཅའ་ཁྲིམས་དེར་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་བསྡོམས་པས་ལེའུ་དྲུག་དང་དོན་ཚན་རེ་ལྔ་ཡོད། སྤྱི་ཐུན་རིག་གནས་ཞབས་ཕྱིའི་འགན་སྲུང་བཅའ་ཁྲིམས་ཀྱིས་རང་རྒྱལ་གྱི་རིགས་གནས་བཅའ་ཁྲིམས་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཞིང་། སྲིད་གཞུང་གི་འགན་འཁྲི་གསལ་བོ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་སྲུང་བཟང་བོ་བྱེད་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།