«ཀྲུའུ་ཞི་ཞི་ཅིན་ཕེན་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2017ལོའི་ལོ་ཚོགས་སུ་ཞུགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་གནང་སྐབས་གནང་བའི་གསུང་བཤད»དེབ་རྐྱང་མ་པར་དུ་བསྐྲུན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། «ཀྲུའུ་ཞི་ཞི་ཅིན་ཕེན་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2017ལོའི་ལོ་ཚོགས་སུ་ཞུགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་གནང་སྐབས་གནང་བའི་གསུང་བཤད»དེབ་རྐྱང་མ་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ། ཟླ་གཉིས་པའི་ཚེས་བཅུ་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཚོང་ཁང་དུ་འགྲེམ་སྤེལ་བྱས།

དཔེ་དེབ་དེའི་ནང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2017ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་ཁ་ཡིག་ལ་དུས་རབས་ཀྱི་འགན་འཁྲི་འཁུར་ནས་མཉམ་དུ་འཛམ་གླིང་འཕེལ་རྒྱས་སུ་གཏོང་དགོས་ཞེས་པའི་གསུང་བཤད་དང་། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་མཛད་སྐབས་གནང་བའི་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་འདུས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།