ཀྲུང་གོ་བོད་ཀྱི་དྲ་བ།

རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

172f9c31804a7b07377fbdae6b669936.jpg

     ཟླ་གཉིས་པའི་ཚེས་བཅུ་ཉིན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། 
 

6b8f89dd9ec54dd6866e951da47c7fba.jpg

      ཟླ་གཉིས་པའི་ཚེས་བཅུ་ཉིན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བའི་གྲོས་ཚོགས་ཚེས་བཅུ་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཙུང་ལི་ལིས་ཁི་ཆང་གི་མཛུབ་སྟོན་གྱི་རེ་བ་དངོས་འབེབས་བྱས་ནས། 2016ལོའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བ་སྤྱི་བསྡོམས་བྱས་པ་དང་། 2017ལོའི་སྤྱིའི་བྱ་བའི་བསམ་ཕྱོགས་ལ་ཞིབ་འཇུག་བྱས་ཏེ། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

ཀྲང་ཀའོ་ལིས་ཀྱིས་ནན་གྱིས་གསུངས་རྒྱུར། ད་ལོར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུ་རྒྱུ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་ལོ་གལ་ཆེན་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལོ་ཡང་ཡིན་པས། འདུ་ཤེས་བཞི་དངོས་སུ་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་ཁ་ཤས་ནས་གྲུབ་འབྲས་གསར་བ་ལེན་པར་འབད་བརྩོན་གང་ཐུབ་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས། གྲ་སྒྲིག་བྱ་བ་སྣ་ཚོིགས་བཟང་བོར་བསྒྲུབས་ཏེ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྒྲུབ་དགོས། ས་ཁུལ་གཙོ་བོར་དམིགས་ཏེ་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། སྲིད་གཞུང་བར་གྱི་མཉམ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་ཕན་ཚུན་བར་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བ་དང་། ལས་གཞི་གཙོ་བོ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་དགོས། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཐོན་ནུས་དང་བཟོ་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་ལྟར། གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། དངུལ་ལོར་ཞབས་ཞུ་འཐུས་ཚང་དུ་གཏོང་བ། གླེང་ཕྱོགས་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བ་སྣ་ཚོགས་དངོས་སུ་དམ་འཛིན་དང་ལེགས་འཛིན་བྱས་ནས་གྲུབ་འབྲས་ཐོབ་པར་བྱེད་དགོས་ཟེར།

ཝང་ཡང་དང་དབྱང་ཅིན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་སུ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།