ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་ཞུགས་ཡར་སྐུལ་འཆར་འགོད»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་ལིས་ཁི་ཆང་གིས་ཆོག་མཆན་བཀོད་པ་ལྟར། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་ཞུགས་ཡར་སྐུལ་འཆར་འགོད»དཔར་ནས་བཀྲམ། «འཆར་འགོད»ལས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ལས་ཞུགས་ཡར་སྐུལ་གྱི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན། དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ། འགན་སྲུང་བྱེད་ཐབས་བཅས་གཏན་འཁེལ་གསལ་བོ་བྱས་ཏེ། རྒྱལ་ཡོངས་ལས་ཞུགས་ཡར་སྐུལ་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།

«འཆར་འགོད»ལས་བཀོད་དོན། ལས་ཞུགས་ཐོག་མར་འཛིན་པའི་འཐབ་ཇུས་དང་ཤེས་ལྡན་མི་སྣ་ཐོག་མར་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་པ་དང་། 2020ལོའི་བར་དུ་ལས་ཞུགས་གཞི་ཁྱོན་བརྟན་འཇགས་སྒོས་རྒྱ་བསྐྱེད་པ་དང་། ལས་ཞུགས་སྤུས་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ། མཁར་གྲོང་གི་གསར་དུ་ལས་ཀར་ཞུགས་པའི་མི་སྣ་བསྡོམས་པས་བྱེ་བ་ལྔ་ལྷག་ཏུ་བསླེབས་པ། རྒྱལ་ཡོངས་མཁར་གྲོང་གི་ཐོ་འགོད་བྱས་པའི་ལས་ཤོར་གྱི་ཚད་བརྒྱ་ཆའི་ལྔའི་ནང་དུ་ཚོད་འཛིན་བྱེད་དགོས། ལས་སྐྲུན་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་གཏོང་བ་དང་། ལས་ཞུགས་ཀྱི་སྣེ་ཁྲིད་ནུས་པ་མུ་མཐུད་དུ་ཇེ་ཆེར་གཏོང་དགོས། མི་ཤུགས་ཐོན་ཁུངས་སྒྲིག་གཞི་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། ངལ་རྩོལ་པའི་ལས་ཞུགས་དང་ལས་སྐྲུན་གྱི་ནུས་པ་མངོན་གསལ་སྒོས་ཇེ་ཆེར་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།