ཀྲུང་གོ་བོད་ཀྱི་དྲ་བ།

2016ལོར་ཐོན་རྫས་ཀྱི་རྒྱུ་སྤུས་ལ་རྒྱལ་ཁབ་ཀྱིས་ལྟ་སྐུལ་འཐེན་བཤེར་བྱས་པ་ཚད་ལྡན་ཡིན་ཚད91%ལྷག་ཏུ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་རྒྱུ་སྤུས་ཞིབ་བཤེར་སྤྱི་ཁྱབ་ཅུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ལིས་ཅིན་གྱིས་ཉེ་སྔོན་བཤད་རྒྱུར། རྒྱུ་སྤུས་ཞིབ་བཤེར་སྤྱི་ཁྱབ་ཅུའུ་ཡིས་ཉིས་སྟོང་བཅུ་དྲུག་ལོར་རྩ་འཛུགས་བྱས་ཏེ་ཐོན་རྫས་རིགས་ཆེན་པོ་བརྒྱད་ཀྱི་རྒྱུ་སྤུས་ལ་རྒྱལ་ཁབ་ཀྱི་ལྟ་སྐུལ་འཐེན་བཤེར་བྱས་པ་དང་། ཚད་ལྡན་ཡིན་ཚད་བརྒྱ་ཆའི་གོ་གཅིག་ལྷག་ལ་སླེབས་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། ཐོན་རྫས་རིགས་ཆེན་པོ་བརྒྱད་ཀྱི་ནང་དུ་རྒྱུན་སྤྱོད་དང་འཁེལ་འཐག་ཐོན་རྫས་དང་། གློག་རྡུལ་གློག་ཆས། ཡང་བའི་བཟོ་ལས་ཐོན་རྫས། ཞིང་ལས་ཐོན་སྐྱེད་རྒྱུ་ཆ། འཕྲུལ་ཆས་དང་བདེ་འཇགས་དོགས་ཟོན། གློག་ལས་དང་རྒྱུ་ཆ། འཛུགས་སྐྲུན་དང་རྒྱན་སྤྲས་རྒྱུ་ཆ། ཟས་རིགས་ཀྱི་འབྲེལ་ཡོད་ཐོན་རྫས་བཅས་འདུ། ལོ་ཧྲིལ་པོར་རྒྱལ་ཁབ་ཀྱིས་ཐོན་རྫས་སྣ་བརྒྱ་དང་དོན་དྲུག་ལ་ལྟ་སྐུལ་འཐེན་བཤེར་བྱས་ཟེར།

ལིས་ཅིན་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་དྲུག་ལོ་ཧྲིལ་པོར་བསྡོམས་པས་ཁེ་ལས་ཉིས་ཁྲི་སུམ་སྟོང་བརྒྱ་དང་ང་གཉིས་ཀྱི་ཆོག་མཆན་བཀོད་ཐེངས་ཉིས་ཁྲི་སུམ་སྟོང་བརྒྱད་བརྒྱ་ང་གཅིག་གི་ཐོན་རྫས་ལ་འཐེན་བཤེར་བྱས། ཉེ་བའི་ལོ་ལྔའི་འཐེན་བཤེར་གནས་ཚུལ་ལ་བལྟས་ན། ཐོན་རྫས་འཐེན་བཤེར་ཚད་ལྡན་ཡིན་ཚད་སོ་སོར་བརྒྱ་ཆའི་གྱ་དགུ་ལྷག་དང་། བརྒྱ་ཆའི་གྱ་བརྒྱད་ལྷག བརྒྱ་ཆའི་གོ་གཉིས་ལྷག བརྒྱ་ཆའི་གོ་གཅིག་ལྷག བརྒྱ་ཆའི་གོ་གཅིག་ལྷག་བཅས་ཡིན་ལ། སྤྱིར་བཏང་གིས་འཕར་སྣོན་གྱི་རྣམ་པ་མངོན་འདུག དེའི་ནང་དུ་ཉིས་སྟོང་བཅུ་དྲུག་ལོར་ཟས་རིགས་དང་འབྲེལ་བའི་ཐོན་རྫས་ལ་ལྟ་སྐུལ་འཐེན་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ནས། ལོ་ཧྲིལ་པོར་བསྡོམས་པས་ཁེ་ལས་ཉིས་སྟོང་བཞི་བརྒྱ་བཅུ་གསུམ་གྱིས་ཐོན་སྐྱེད་བྱས་པའི་ཆོག་མཆན་བཀོད་ཐེངས་ཉིས་སྟོང་དགུ་བརྒྱ་བཅུ་དགུའི་ཐོན་རྫས་ལ་འཐེན་བཤེར་བྱས་པ་དང་། འཐེན་བཤེར་ཚད་ལྡན་ཡིན་ཚད་བརྒྱ་ཆའི་གོ་བདུན་ལྷག་རེད་ཟེར།

ཁེ་ལས་ཀྱི་ཐོན་སྐྱེད་གཞི་ཁྱོན་ལ་བལྟས་ན། ལོ་ཧྲིལ་པོར་འཐེན་བཤེར་བྱས་པའི་ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱིས་འཐེན་བཤེར་བྱས་པའི་ཁེ་ལས་སྤྱི་གྲངས་ཀྱི་སོ་སོར་བརྒྱ་ཆའི་བཅུ་གཅིག་ལྷག་དང་བརྒྱ་ཆའི་བཅོ་བརྒྱད་ལྷག བརྒྱ་ཆའི་བདུན་ཅུ་ལྷག་བཅས་ཟིན་ཡོད་ལ། སྔོན་ཆད་ཀྱི་འཐེན་བཤེར་བསྡུར་ཚད་དང་བསྡུར་ན། ཁེ་ལས་ཆུང་གྲས་ལ་འཐེན་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ཡོད་པ་དང་། ཐོན་རྫས་ཀྱི་འཐེན་བཤེར་ཚད་ལྡན་ཡིན་ཚད་སོ་སོར་བརྒྱ་ཆའི་གོ་དྲུག་ལྷག་དང་བརྒྱ་ཆའི་གོ་གསུམ་ལྷག བརྒྱ་ཆའི་དགུ་བཅུ་ལྷག་བཅས་རེད། ཐོན་ལས་གཙོ་ཁྲིད་ཀྱི་ནུས་པ་ཐོན་པའི་ཐོན་སྐྱེད་ཁེ་ལས་ཆེ་འབྲིང་གི་ཐོན་རྫས་ཀྱི་རྒྱུ་སྤུས་ཕལ་ཆེར་བརྟན་བརླིང་ཡིན་ལ། ཐོན་སྐྱེད་ཁེ་ལས་ཆུང་གྲས་ཀྱི་ཐོན་རྫས་འཐེན་བཤེར་ཚད་ལྡན་ཡིན་ཚད་ཀྱང་བརྒྱ་ཆའི་གཅིག་ལྷག་འཕར་ཡོད།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།