ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་ཚན་བཅུ་གསུམ་པའི”རིང་མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་གཏོང་བའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F2017012609280696567300541.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙུང་ལི་ལི་ཁེ་ཆང་གིས་མཚན་རྟགས་བཀོད་ནས་ཆོག་མཆན་གནང་བ་བརྒྱུད། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་འགོད་》(གཤམ་དུ་《འཆར་འགོད་》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

《འཆར་འགོད་》ནང་བསྟན་དོན།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཡིན་པས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་སྔར་བས་མངོན་གསལ་དོད་པའི་འཐབ་ཇུས་གནས་བབ་ཐོག་བཞག་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བའི་ཞན་ཆ་གསབ་པ་དང་། གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ། མི་རིགས་ཁག་གི་མི་དམངས་ཀྱི་བདེ་རྩ་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བ་བྱེད་པ། མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

《འཆར་འགོད་》ནང་བསྟན་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་གཙོ་བོ་ནི་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་ཡོང་བ་བྱེད་པ། མི་རིགས་རིག་གནས་དར་འཕེལ་ཡོང་བ་བྱེད་པ། སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་གཏོང་བ། 2020ལོར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ་མངོན་འགྱུར་བྱེད་རྒྱུ་བཅས་ཡིན།《འཆར་འགོད་》ནང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་འཕར་ཚད་8%ཡན་ཟིན་པ་དང་། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1805དབུལ་སྒྲོལ་ཐུབ་པ། དངོས་ཡོད་ས་ཞིང་མུའུ་དུང་ཕྱུར་3.19ཟིན་པ་སོགས་ཕྱོགས་བདུན་ཐད་ཀྱི་གྲངས་ཚད་དམིགས་ཚད་23གཏན་འབེབས་ཁ་གསལ་བྱས་ཡོད།

《འཆར་འགོད་》ནང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས་ལས་འགན་གཙོ་བོ་ཁག་9བཏོན་ཞིང་། ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དམངས་འཚོ་སྔོན་ལ་འགན་ལེན་དང་ལེགས་སུ་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཕྱོགས་ཀུན་ནས་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་འབོར་ཅུང་ཉུང་བའི་མི་རིགས་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་སྲུང་སྐྱོང་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏོད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་བ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་གསར་གཏོད་བྱེད་པ་བཅས་རེད། དེ་དང་དུས་མཚུངས།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་འཛུགས་སྐྲུན་གྱི་གཙོ་གནད་ལ་གཞིགས་ཏེ། གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཕྱོགས་བསྡུས་དབུལ་སྐྱོར་བྱེད་པ་དང་། མི་རིགས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དར་སྤེལ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་སོགས་ལས་གྲྭ་དང་རྣམ་གྲངས་37བཀོད་སྒྲིག་བྱས་ཡོད་པ་རེད།

《འཆར་འགོད་》ནང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ནས་ནོར་སྲིད་དང་། མ་འཇོག དངུལ་རྩ། ཐོན་ལས། ས་ཞིང་། སྤྱི་ཚོགས། ཁོར་ཡུག ཤེས་ལྡན་མི་སྣ། རོགས་སྐྱོར་སོགས་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འཆར་འགོད་ལག་ལེན་བསྟར་བའི་འགོ་ཁྲིད་ལམ་སྲོལ་དང་ལས་ཀའི་ལམ་སྲོལ་འཛུགས་པ་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ས་ཁུལ་དེ་རང་གི་ལེ་ལག་ཚང་བའི་འཆར་འགོད་དམ་ཡང་ན་ལག་བསྟར་བསམ་འཆར་བཟོས་ཏེ་འཆར་འགོད་ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལག་བསྟར་བྱས་ཚུལ་ལ་ཚོད་སྐོར་བྱས་ཏེ་དུས་བཀག་བཞིན་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུ་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།