ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ་པར་མ་ཟད་བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་དེ་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་རེ་བ་བཏོན།

«བསམ་འཆར»ལས་ནན་གྱིས་བཀོད་དོན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱེད་དགོས་ན། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམ་པོར་དམིགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་གཙོ་ཡིན་པའི་བྱ་བའི་ཁ་ཕྱོགས་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས། ཀྲུང་ཧྭའི་རིག་གནས་ལངས་ཕྱོགས་དམ་སྲུང་། ཀྲུང་ཧྭའི་རིག་གནས་གཞི་རྐྱེན་རྒྱུན་འཛིན་བཅས་བྱས་ནས། མ་གཞི་མི་བརྗེད་པ་དང་ཕྱིའི་རིག་གནས་བསྡུ་ལེན་བྱེད་པ། མ་འོངས་པར་ཁ་ཕྱོགས་ཏེ། ཀྲུང་གོའི་བློ་གྲོས་བསྡུ་ལེན་དང་ཀྲུང་གོའི་སྙིང་སྟོབས་དར་སྤེལ། ཀྲུང་གོའི་རིན་ཐང་རྒྱུད་སྤེལ་བཅས་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་དང་ཤན་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་བ་གསར་སྐྲུན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།