ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་སོང་ནས་བྱ་བ་སྒྲུབ་པར་སྔར་ལས་ཁྲིད་སྟོན་དང་སྐུལ་མ་གཏོང་དགོས་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་སོང་ནས་བྱ་བ་སྒྲུབ་པར་སྔར་ལས་ཁྲིད་སྟོན་དང་སྐུལ་མ་གཏོང་དགོས་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ་པར་མ་ཟད་བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་དེ་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་རེ་བ་བཏོན།

«བསམ་འཆར»ལས་ནན་གྱིས་བཀོད་དོན། མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་སོང་ནས་བྱ་བ་སྒྲུབ་པར་སྔར་ལས་ཁྲིད་སྟོན་དང་སྐུལ་མ་གཏོང་བ་དགོས་ན་གཞི་རིམ་ལ་ཞབས་ཕྱི་སྒྲུབ་པ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། ཚོང་ར་གཙོ་ཁྲིད་དང་སྲིད་གཞུང་གིས་དེར་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ། སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་ཞབས་ཕྱི་འཐུས་ཚང་དུ་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ་བཅས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

བྱེད་ཐབས་སྣ་མང་སྤྱད་དེ་གཞི་རིམ་གྱི་གོ་གནས་གསར་གཏོད་བྱས་ནས། མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མས་གཞི་རིམ་དུ་བྱ་བ་སྒྲུབ་པར་མཐུན་རྐྱེན་སྐྲུན་དགོས། འགན་སྲུང་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་གཞི་རིམ་ནས་འཚར་ལོངས་འབྱུང་བ་དང་གཞི་རིམ་ནས་ཤེས་ལྡན་མི་སྣར་འགྱུར་བར་ཆ་རྐྱེན་བཟང་བོ་སྐྲུན་དགོས། མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་གཞི་རིམ་ལས་གཞི་ལག་བསྟར་བྱས་ནས། ལས་གཞི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། འཁོར་རྒྱུག་ཐབས་ལམ་རྒྱ་བསྐྱེད་དེ། གཞི་རིམ་དུ་བྱ་བ་སྒྲུབ་པའི་མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་རིགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་ཏེ། བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སློབ་གསོ་དང་ཁྲིད་སྟོན་ལ་ཤུགས་བསྣན་ཏེ། ནོར་སྲིད་རོགས་སྐྱོར་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་བྱ་བར་གཙིགས་འཛིན་བྱས་ནས། དྲིལ་སྒྲོག་གཟེངས་བསྟོད་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།