ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་མི་རིགས་ས་ཁུལ་དང་མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་འཆར་འགོད»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙུང་ལི་ལིས་ཁི་ཆང་གིས་ཆོག་མཆན་བཀོད་པ་ལྟར། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་མི་རིགས་ས་ཁུལ་དང་མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་འཆར་འགོད»དཔར་ནས་བཀྲམ།«འཆར་འགོད»ལས་བཀོད་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་ནི་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་ལས་དོན་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ། མི་རིགས་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ལེགས་བཅོས་བྱེད་པ། མི་རིགས་མཐུན་སྒྲིལ་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། 2020ལོའི་བར་དུ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་རྒྱུ་དེ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།