ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་བདག་འཛིན་ཁ་གསབ་དོ་མཉམ་ཡོང་བར་བྱེད་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ«རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་བདག་འཛིན་ཁ་གསབ་དོ་མཉམ་ཡོང་བར་བྱེད་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

«བསམ་འཆར»ལས་ནན་གྱིས་བཀོད་དོན། རྨོ་ཞིང་སྲུང་སྐྱོབ་དང་བདག་འཛིན་ཁ་གསབ་དོ་མཉམ་ཡོང་བར་བྱེད་པའི་བྱ་བར་གཙིགས་འཛིན་བྱེད་དགོས་ན། ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་མི་བསྒྱུར་བ་དང་། རྨོ་ཞིང་གི་ཚད་ཐིག་བརྒལ་གཏོར་མི་བྱེད་པ། ཞིང་བའི་ཁེ་ཕན་ལ་གནོད་མི་སྐྱེལ་བ་བཅས་ཚད་མཐའ་གསུམ་དམ་སྲུང་བྱེད་དགོས་ལ། ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་དང་ཆེས་གཟབ་ནན་གྱི་ས་ཞིང་གྲོན་ཆུང་སྒོས་བཀོལ་སྤྱོད་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས། དོམ་ཁྲར་སྲུང་སྐྱོབ་བྱེད་པ་ལྟར་དུ་རྨོ་ཞིང་ལ་སྲུང་སྐྱོབ་བྱེད་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་རྨོ་ཞིང་གི་གྲངས་ཚད་དང་སྤུས་ཚད། སྐྱེ་ཁམས་ཕྱོགས་གསུམ་གཞི་གཅིག་ཡོང་བར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྨོ་ཞིང་དོ་དམ་ཚོད་འཛིན་དང་འཛུགས་སྐྲུན། བྱེད་ཐབས་སྣ་ཚོགས་སྤྱད་དེ་སྲུང་སྐྱོབ་བྱེད་པ་བཅས་ལ་ཤུགས་སྣོན་དགོས་པར་མ་ཟད། སྔར་ལས་ནུས་ཤུགས་ལྡན་པའི་བྱེད་ཐབས་སྤྱད་དེ་ཁྲིམས་ལྟར་རྨོ་ཞིང་བདག་འཛིན་ཁ་གསབ་དོ་མཉམ་ཡོང་བར་བྱེད་པའི་བྱ་བ་ཚད་ལྡན་དུ་གཏོང་བར་ཤུགས་བསྣན་ཏེ། འབྲུ་རིགས་གསོག་པ་དེ་རྨོ་ཞིང་ལ་བརྟེན་པ་དང་། འབྲུ་རིགས་གསོག་པ་དེ་ལག་རྩལ་ལ་བརྟེན་དགོས་པའི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱས་ནས། འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

«བསམ་འཆར»ལས2020ལོའི་བར་དུ་རྒྱལ་ཡོངས་ཀྱི་རྨོ་ཞིང་སྲུང་འཛིན་བྱེད་ཚད་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་བྱེ་བ་དྲུག་དང་ས་ཡ་ལྔ་ལས་ཉུང་མི་རུང་བ་དང་། དུས་གཏན་གྱི་གཞི་རྩའི་ཞིང་སར་སྲུང་སྐྱོབ་བྱས་པའི་གཞི་ཁྱོན་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་བཞི་དང་ས་ཡ་དྲུག་ལས་ཉུང་མི་རུང། མུའུ་དུང་ཕྱུར་བརྒྱད་ཀྱི་ཚད་གཞི་མཐོ་བའི་ཞིང་སར་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་དགོས་ལ། མུའུ་ཐེར་འབུམ་གཅིག་གི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས་ནས། འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་བརྟན་འཇགས་སྒོས་མཐོར་འདེགས་སུ་གཏོང་བར་མ་ཟད། འབྲུ་རིགས་ཕལ་ཆེར་རང་ཁ་རང་གསོ་བྱེད་ཐུབ་པ་དང་། བདེ་འཇགས་ཀྱི་བཟའ་འབྲུའི་ཐོན་ཁུངས་ལ་འགན་སྲུང་འདོན་སྤྲོད་བྱེད་པར་དངོས་སུ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།