ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུ་ཉིན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིག་ཡུན་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛིན་སྐྱོང་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗོད་གཞི་འབུར་དུ་ཐོན་པར་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་བ་སྔོན་བསུ་དང་དྲིལ་སྒྲོག་དང་། ལག་བསྟར་བཅས་བྱེད་པའི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་སྙིང་པོ་འབུར་དུ་ཐོན་པར་བྱེད་པ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་བསམ་པའི་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ནས་བལྟས་ན། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བས་ལག་ལེན་གསར་བར་དམིགས་པ་དང་དར་སྲོལ་གསར་བ་བསྐྱེད་པ། དྲང་ཕྱོགས་ནུས་ཚད་གཅིག་སྡུད་བྱེད་པ་བཅས་ལ་སྐུལ་འདེད་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ནུས་ཡོད་ཀྱི་ཞབས་འདེགས་ཞུས་ཡོད་པར་འདོད།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་བཟང་པོར་སྒྲུབ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་རིགས་ལམ་གསར་བ། འཐབ་ཇུས་གསར་བ་བཅས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བཅངས་ཏེ། ཕུགས་བསམ་དང་ཡིད་རྟོན་སློབ་གསོ་ཟབ་སྤེལ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཁྲིམས་སྐྱོང་འགན་སྲུང་གི་ནུས་པ་དང་ཆབ་སྲིད་རིག་གནས་ཀྱི་ཁྲིད་སྟོན་ནུས་པ་འདོན་དགོས། ཁྱིམ་ཚང་དང་ཁྱིམ་སློབ། ཁྱིམ་སྲོལ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་དཔལ་ཡོན་གྱི་དར་སྲོལ་གསར་བ་ཆགས་པར་བྱེད་དགོས་ཟེར།

ལིག་ཡན་ཏུང་དང་ལིག་ཆི་པའོ་གཉིས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།