ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11122.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉི་ཤུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་ན་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉི་ཤུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་ན་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། བདག་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་དེ་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས་པའི་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་བློ་ཐག་རྦད་ཆོད་སྒོས་ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་རྒྱབ་སྐྱོར་བྱས་ཏེ། ཚོང་ར་མུ་མཐུད་དུ་རྒྱ་བསྐྱེད་ཅིང་ཧུར་ཐག་སྒོས་ཕྱི་དངུལ་ནང་འདྲེན་བྱེད་པ་དང་། སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་ངེས་ཡིན། མངོན་གསལ་དང་འདྲ་མཉམ། གོ་རིམ་བཅས་ལྡན་པའི་ཚོང་ར་དང་ཁྲིམས་སྐྱོང་ཁོར་ཡུག་གསར་སྐྲུན་བྱས་པ་བརྒྱུད་ནས་ཕྱི་ཕྱོགས་ཀྱི་ཚོང་བས་མ་དངུལ་གཏོང་བའི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས། ང་ཚོས་རྒྱལ་ཁབ་སོ་སོའི་ཤེས་ལྡན་མི་སྣ་ཀྲུང་གོར་ཡོང་སྟེ་གསར་སྐྲུན་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བ་དང་། ཚན་རྩལ་ཞིབ་འཇུག་ཐོན་ཁུངས་དང་ལས་གཞི་ཡར་ཞུ་བྱེད་པ། ཐོན་དབང་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་སྟོབས་མཉམ་བསྲེས་བྱེད་པ་དང་ཀྲུང་གོ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་མཉམ་དུ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།