ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་རིག་གནས་ལོའི་བྱ་འགུལ་མཇུག་རྫོགས་པའི་མཛད་སྒོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་དྲུག་ལོའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་རིག་གནས་ལོའི་བྱ་འགུལ་མཇུག་རྫོགས་པའི་མཛད་སྒོ་ཚེས་བཅུ་དགུ་ཉིན་ཀོང་ཏུང་ཞིང་ཆེན་ཀོང་ཀྲིག་གྲོང་ཁྱེར་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས། ཀྲུང་གོ་དང་ཨེ་ཅིབ་ཀྱི་རིག་གནས་ལོའི་བྱ་འགུལ་ཕུན་སུམ་ཚོགས་པའི་ངང་སྤེལ་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། 

ཞི་ཅིན་ཕེན་གྱིས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོ་ནི་ཀྲུང་གོ་དང་ཨེ་ཅིབ་སྟེ་རླབས་ཆེ་བའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་ལོ་རེད། ལོ་དྲུག་ཅུའི་རིང་ལ། ཕྱོགས་གཉིས་ཀྱི་འབད་བརྩོན་འོག་ཏུ། ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བ་རྒྱུན་ཆད་མེད་གོང་འཕེལ་དུ་སོང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ཡོད་ལ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་བཅས་ཀྱི་འབྲེལ་བའི་མིག་དཔེ་རུ་གྱུར་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། རིག་གནས་བྱ་འགུལ་ལོར། ཀྲུང་གོ་དང་ཨེ་ཅིབ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཉེར་ལྔ་རིག་གནས་སྒྱུ་རྩལ་དང་དཔེ་ཆ། རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན། བསམ་བློའི་གྲོས་མོལ། ན་གཞོན་སློབ་གསོ་སོགས་ཁྱབ་ཁོངས་སོ་སོར་འབྲེལ་བའི་བརྗེ་རེས་བྱ་འགུལ་རིགས་བརྒྱ་ལྷག་སྤེལ་ནས། གནའ་བོའི་ཤེས་རིག་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ཟེར། 

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོས་ཨེ་ཅིབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་དང་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་སྤྱི་ཚོགས་དང་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་ཀྱང་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།