ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལོ་དབྱི་ཐི་ཧ་ཏི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

 རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་པོ་ཨར་ཉི་ནས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལོ་དབྱི་ཐི་ཧ་ཏི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་པོ་ཨར་ཉི་ནས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལོ་དབྱི་ཐི་ཧ་ཏི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་སུའེ་ཙེར་གཉིས་ཀྱི་འབྲེལ་བར་གདེང་འཇོག་ལེགས་པོ་མཛད་པ་དང་། སྒོ་འབྱེད་བཟོད་སྒོམ་གྱི་འདུ་ཤེས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་ལས་མཉམ་རྒྱལ་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་འཁྱོངས་སྒོས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ཏེ། ཀྲུང་གོ་སུའེ་ཙེར་གྱི་འབྲེལ་བ་སྔར་ལས་བཟང་པོར་འཕེལ་རྒྱས་སུ་གཏོང་བར་འཐད་པ་བྱུང་། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་པེར་སའེ་དང་། རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་གྱི་ཞོར་དུ་ནོར་སྲིད་དཔོན་པོའི་འགན་ཁུར་མནཁ་མའོ་ལེར། རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་གྱི་ཞོར་དུ་ཕྱི་འབྲེལ་དཔོན་པོའི་འགན་ཁུར་མཁན་པོ་ཁི་ཧར་ཐི། རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་གྱི་ཞོར་དུ་དཔལ་འབྱོར་དང་སློབ་དཔྱོད་དཔོན་པོའི་འགན་ཁུར་མཁན་ཧྲི་ནའེ་ཏི་ཨ་མན་བཅས་མཉམ་དུ་གྲོས་མོལ་ལ་ཞུགས།

ཞི་ཅིན་ཕེན་གྱིས་བསྟན་དོན། འབྲེལ་བ་བཙུགས་ནས་ལོ་རེ་བདུན་གྱི་རིང་ལ། ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱིས་དུས་རྒྱུན་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་བོར་དམིགས་ནས། ཆབ་སྲིད་དང་དཔལ་འབྱོར། མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་དེ་སྤྱི་ཚོགས་ལམ་ལུགས་མི་འདྲ་བ་དང་འཕེལ་རྒྱས་དུས་རིམ་མི་འདྲ་བ། རྒྱལ་ཁབ་ཀྱི་ཆེ་ཆུང་མི་འདྲ་བའི་མཛའ་མཐུན་མཉམ་ལས་ཀྱི་མིག་དཔེ་རུ་གྱུར། དེང་སྐབས། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་བཟང་པོ་འགྲོ་བཞིན་ཡོད། ཀྲུང་གོ་དང་སུའེ་ཙེར་གྱིས་ན་ནིང་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་པར་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་ལྡན། ང་ཚོས་སུའེ་ཙེར་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་བཟང་པོ་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ནི་ཧ་ཅང་གལ་ཆེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་རྒྱུན་ལྡན་རང་བཞིན་གྱི་འགྲོ་འོང་སྲུང་འཛིན་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་དང་འཐབ་ཇུས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་དགོས། ཕྱོགས་གཉིས་ཀྱིས་ཉོ་ཚོང་དང་དངུལ་རྩའི་མཉམ་ལས་ཟབ་སྤེལ་བྱེད་དགོས། ཀྲུང་གོས་སུའེ་ཙེ་བར་གྱི་ཕྱོགས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས་ཁྱད་སྟོབས་གསབ་རེས་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ལོ་དབྱི་ཐི་ཧ་ཏི་དང་གྲོས་མོལ་ལ་ཞུགས་པའི་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཨུ་ཡོན་ཚོས་བཤད་རྒྱུར། དེང་སྐབས་ཀྱི་གནས་བབ་འོག སུའེ་ཙེར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྱོར་ཚོང་དང་དངུལ་རྩ། གསར་སྐྲུན། རིག་གནས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་གྲོས་མོལ་མཉམ་ལས་ཟབ་སྤེལ་བྱས་ཏེ། མཉམ་དུ་འཛམ་གླིང་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། སྒོ་འབྱེད་ཀྱི་འཛམ་གླིང་ཉོ་ཚོང་ལ་སྲུང་སྐྱོབ་བྱས་ཏེ། ཉོ་ཚོང་དང་དངུལ་གཏོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཕྱོགས་གཉིས་བར་དུ་འགྲོ་འོང་ཟབ་མོ་སྲུང་འཛིན་བྱེད་པ་དང་། རིམ་པ་སོ་སོའི་གྲོས་མོལ་རྐྱེན་སྲོལ་བཀོལ་ནས། ཕན་ཚུན་བར་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་དུས་ལྟར་གྲོས་མོལ་བྱས་ཏེ། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་བདེ་ཐང་བརྟན་འཇགས་ཀྱི་ཕྱོགས་སུ་གོང་འཕེལ་དུ་གཏོང་བར་འཐད་པ་བྱུང་།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱི་འབྲེལ་དང་རང་དབང་ཉོ་ཚོང་། འཕེལ་རྒྱས་མཉམ་ལས། ནུས་ཁུངས། སྒོ་ཁྲལ། ཤེས་བྱའི་ཐོན་དབང་། རིག་གནས། སློབ་གསོ། ལུས་རྩལ། ས་གནས་འགྲོ་འོང་སོགས་ཁྱབ་ཁོངས་ནས་ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་གོང་གི་བྱ་འགུལ་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།