ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«དབྱི་ཏུང་དང་མཉམ་འབྲེལ་དྲ་རྒྱ་བདེ་བླག་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«དབྱི་ཏུང་དང་མཉམ་འབྲེལ་དྲ་རྒྱ་བདེ་བླག་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་དེ་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་བཀོད་དོན། དེང་སྐབས་མཉམ་འབྲེལ་དྲ་རྒྱའི་ལག་རྩལ་བཀོལ་སྤྱོད་དང་། ཚོང་ལས་ཀྱི་རྣམ་པ་དེ་དབྱི་ཏུང་འཕྲིན་སྐྱེལ་དང་ཟུང་འབྲེལ་དམ་པོ་བྱས་ཡོད་པས། དབྱི་ཏུང་དང་མཉམ་འབྲེལ་དྲ་རྒྱའི་ལག་རྩལ་གསར་བ་དང་ལས་རིགས་གསར་བ་མྱུར་འཕེལ་རྒྱས་སུ་སོང་བར་མ་ཟད། ཡོ་བྱད་ཀྱི་ཁྱད་ཆོས་དང་སྨྱན་བྱད་ཀྱི་ཁྱད་ཆོས། འབྲེལ་འདྲིས་ཀྱི་ཁྱད་ཆོས་བཅས་ཉིན་རེ་བཞིན་ཇེ་ཆེར་སོང་སྟེ། སྐྱེ་ཁམས་མ་ལག་ཐོག་མར་ཆགས་པ་དང་མྱུར་དུ་རྒྱ་བསྐྱེད་པས། མི་རྣམས་ཀྱི་སློབ་སྦྱོང་དང་བྱ་བ། འཚོ་བ་བཅས་ཐད་ཀྱི་བར་སྟོང་གསར་བར་གྱུར་ཡོད། གནས་བབ་གསར་བ་དང་འགྲན་རྩོད་གསར་བའི་མདུན་དུ། དབྱི་ཏུང་དང་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་དང་དོ་དམ་གྱི་བྱ་བའི་ཐད་ལ་ད་རུང་མི་འདང་ས་གནས་ཡོད་པར་མ་ཟད། གནད་དོན་དེ་དག་གིས་དབྱི་ཏུང་དང་མཉམ་འབྲེལ་དྲ་རྒྱ་བདེ་བླག་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་གཏོང་བར་ཚོད་འཛིན་བྱས་པས། ངེས་པར་དུ་དེར་ཧ་ཅང་མཐོང་ཆེན་དང་མྱུར་དུ་ཐག་གཅོད་བྱེད་དགོས་ཟེར།

བསམ་འཆར་ལས་ནན་གྱིས་བཀོད་དོན། མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་བ་གཉིས་མཉམ་དུ་འཛིན་པ་དང་། སྲིད་ཇུས་ཁྲིད་སྟོན་དང་ཁྲིམས་ལྟར་དོ་དམ་བྱེད་པ་གཉིས་མཉམ་དུ་འཛིན་པ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་མཉམ་དུ་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ནས། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་། ཉེན་ཁ་སྔོན་འགོག་བྱས་ཏེ། བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ། ལག་རྩལ་གསར་གཏོད་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས། ཁེ་ལས་ཀྱི་གསོན་ཤུགས་ལ་སྲུང་སྐྱོབ་བྱེད་པ་དང་ནང་ཤུགས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། དབྱི་ཏུང་དང་མཉམ་འབྲེལ་དྲ་རྒྱ་བདེ་བླག་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།