ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཝང་རིན་ཀྲུང་སྐུ་འཁྲུངས་ནས་ལོ་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

55.jpg

ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། བློ་མཐུན་ཝང་རིན་ཀྲུང་སྐུ་འཁྲུངས་ནས་ལོ་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་བཞུགས་མོལ་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཝང་རིན་ཀྲུང་སྐུ་འཁྲུངས་ནས་ལོ་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚེས་བཅུ་གསུམ་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་བཞུགས་མོལ་ཚོགས་འདུར་ཞུགས།

བློ་མཐུན་ཝང་རིན་ཀྲུང་གིས་སྔོན་ཆད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་སྲིད་གྲོས་སྐབས་བདུན་པའི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་འཁུར་མྱོང་ལ། ཀྲུང་གོ་གུང་ཁྲན་ཏང་སྐབས་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་གཅིག་པ་དང་སྐབས་བཅུ་གཉིས་པ། སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཅན་གོ་ཡིས་བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་ཝང་རིན་ཀྲུང་གི་འོད་སྟོང་འབར་བའི་ཚེ་གང་བོ་དང་ཁྱད་འཕགས་བྱས་རྗེས་ལ་རྗེས་དྲན་བྱས་པར་མ་ཟད། བློ་མཐུན་ཝང་རིན་ཀྲུང་གིས་ཏང་ལ་ཡིད་ཆེས་བརྟན་པོ་བཅངས་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པའི་བླ་མེད་རེ་སྙེག་ལ་སློབ་སྦྱོང་བྱེད་པ་དང་། ཏང་ལ་བློ་ཁ་ཕྱོགས་པ་དང་ཏང་ལ་བློ་དཀར་བའི་ཏང་གཤིས་བརྟན་པོ་དང་། ཁྱོན་ཡོངས་ལ་དམིགས་པ། ཁག་ཁུར་བྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཞེས་ནན་གྱིས་བསྟན།

མཱ་ཁའེ་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲང་ཆིན་ལིས་ཀྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།བཞུགས་མོལ་ཚོགས་འདུ་མ་ཚོགས་གོང་ཡུས་ཀྲིན་ཧྲིན་གྱིས་བློ་མཐུན་ཝང་རིན་ཀྲུང་གི་གཉེན་ཉེ་ལ་མཇལ་འཕྲད་གནང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།