ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་ཚེས་བཅུ་གསུམ་ཉིན་པེ་ཅིན་ནས་ཡོ་ནན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ང་ཚོ་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་མ་བརྗེད་པར། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་རྒྱལ་ཁ་ལེན་པའི་གནས་བབ་ཆགས་པས། དེར་ཏང་ནང་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སེམས་གཏིང་ནས་གོང་བཀུར་དང་རྒྱབ་སྐྱོར་བྱས། དེའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དར་ཆ་གསལ་བོ་དང་ལངས་ཕྱོགས་བརྟན་པོ། འགྱུར་མེད་ཀྱི་འདོད་བློ ། ནུས་ལྡན་མགོ་ཁྲིད་བཅས་ལ་རག་ལས་ཡོད། རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་ནི་ཆབ་སྲིད་ཀྱི་བཅོས་སྒྱུར་གལ་ཆེན་ཞིག་ཡིན། དེའི་དམིགས་འབེན་ནི་ཏང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་སྟོབས་ཤུགས་ལེགས་སྒྲིག་བྱེད་རྒྱུ་ཡིན་ཟེར།

རོན་ཧྥུའུ་ཀྲུང་གིས་ཀྲུང་གོ་ཕྱོགས་དང་ཏང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་བརྗེ་རེས་དང་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།