ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ལོ་ལྔའི་འཆར་གཞི་བཅུ་གསུམ་པར་ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན་ཕྱོགས་བསྡུས་བྱ་བའི་ཇུས་གཞི»འགྲེམ་སྤེལ་བྱས་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ«ལོ་ལྔའི་འཆར་གཞི་བཅུ་གསུམ་པར་ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན་ཕྱོགས་བསྡུས་བྱ་བའི་ཇུས་གཞི»འགྲེམ་སྤེལ་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པར་ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན་བྱ་བའི་དམིགས་འབེན་གཙོ་བོ་དང་ལས་འགན་གལ་ཆེན་གཏན་འཁེལ་གསལ་བོ་བྱས་པ་དང་རྒྱལ་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

«ཇུས་གཞི»ལས་བསྟན་དོན། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་དངོས་འབེབས་བཟང་བོ་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་བར་དུ་རྒྱལ་ཡོངས་ཀྱི་སྒོར་ཁྲི་ཡི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་ཟད་ནུས་དེ་ཉིས་སྟོང་བཅོ་ལྔ་ལོ་ལས་བརྒྱ་ཆའི་བཅོ་ལྔ་ཇེ་དམའ་རུ་གཏོང་དགོས་པ་དང་། ནུས་ཁུངས་འཛད་སྤྱོད་ཀྱི་སྤྱི་གྲངས་དེ་ཚད་ལྡན་རྡོ་སོལ་ཏུན་ཐེར་འབུམ་ལྔ་ཡི་ནང་ཚོད་འཛིན་བྱེད་དགོས་ཟེར།

«ཇུས་གཞིའི»ནང་ད་དུང་ཕྱོགས་བཅུ་གཅིག་ནས་ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན་བྱ་བ་ལག་བསྟར་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།