ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

刘云山1.jpg

ཟླ་དང་པོའི་ཚེས་གསུམ་ཉིན། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། 
 

011.jpg

ཟླ་དང་པོའི་ཚེས་གསུམ་ཉིན། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་བྱ་བར་བཀོད་སྒྲིག་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་ཚེས་གསུམ་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱས་ནས། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་དམ་པོར་བཅངས་པ་དང་ཚད་མཐོན་པོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་བཅངས་ཏེ་དྲིལ་སྒྲོག་བསམ་བློའི་བྱ་བ་བཟང་བོར་སྒྲུབ་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་སྟོབས་དང་ལྡན་པའི་བསམ་བློའི་གླེང་ཕྱོགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ད་ལོའི་དྲིལ་སྒྲོག་བསམ་བློའི་བྱ་བ་བཟང་བོར་སྒྲུབ་དགོས་ན། སྤྱིའི་བྱ་བར་སྐུལ་འདེད་གཏོང་བ་དང་བྱ་བ་གཙོ་བོར་གཙིགས་འཛིན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ཞིབ་འཇུག དྲིལ་སྒྲོག་བཅས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་དྲིལ་སྒྲོག་དང་འགྲེལ་བཤད་བྱེད་པའི་བྱ་བར་ཤུགས་བསྣན་ཏེ། ཏང་གི་རིགས་གཞུང་གསར་གཏོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ལས་དོན་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་གང་ལེགས་སྒོས་མཚོན་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་སྣེ་ཁྲིད་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དྲིལ་སྒྲོག་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བའི་གྲུབ་འབྲས་དྲིལ་སྒྲོག་ཟབ་མོ་བྱས་ཏེ། ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་གྱི་གླེང་ཕྱོགས་ཁྲིད་སྟོན་བྱ་བ་ཧུར་ཐག་སྒོས་བཟང་བོར་སྒྲུབ་དགོས། སྤྱི་ཚོགས་ཕན་འབྲས་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ནས། རིག་གནས་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། ཕྱི་ཕྱོགས་དྲིལ་སྒྲོག་བྱ་བ་བཟང་བོར་སྒྲུབ་སྟེ། ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་ནུས་པ་ཇེ་ཆེར་གཏོང་བ་དང་། ཀྲུང་གོའི་གཏམ་རྒྱུད་བཟང་བོར་བརྗོད་པའི་ནུས་པ་ཇེ་ཆེར་བཏང་ནས། རང་རྒྱལ་གྱི་རྒྱལ་སྤྱིའི་གཏམ་བརྗོད་དབང་ཆ་ཇེ་ཆེར་གཏོང་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ལྟར། ཏང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཆབ་སྲིད་སྐྱོང་བ་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ཁག་ཁུར་བྱེད་ཕོད་པ། གསར་གཏོད་བྱེད་ཕོད་པ། རང་གཅུན་ནན་མོ་བྱེད་པ་བཅས་བྱས་ནས། དྲིལ་སྒྲོག་བསམ་བློའི་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུས་ཏང་གིས་དྲིལ་སྒྲོག་བྱ་བར་དོ་དམ་བྱེད་པ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་ནས། འདུ་ཤེས་འཛིན་སྟངས་བྱ་བའི་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་པ་དང་། བྱ་བའི་མགོ་ཁྲིད་དབང་ཆ་དང་གཙོ་ཁྲིད་དབང་ཆ་ཁོང་དུ་ཆུད་པར་བྱེད་དགོས་ཟེར།

ལིག་ཆི་པའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་བྱ་བར་བཀོད་སྒྲིག་བྱས། ལིག་ཡན་ཏུང་གྲོས་ཚོགས་སུ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།