ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ཐོག་དང་པོར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་ལ་དཔྱད་འཇོག་དང་དཔྱད་ཞིབ་བྱེད་པའི་ལམ་ལུགས་བཙུགས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་ཟླ12པའི་ཚེས22ཉིན། 《སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་ལ་དཔྱད་འཇོག་དང་དཔྱད་ཞིབ་བྱེད་པའི་བྱེད་ཐབས》ཕྱིར་བསྒྲགས་ཏེ། མང་ཚོགས་ཀྱི་ཐོབ་སྣང་འབུར་ཐོན་བྱེད་ཅིང་ཞིང་ལྗོངས་དང་གྲོང་ཁྱེར་སོ་སོར་ལོ་རེར་དཔྱད་འཇོག་དང་ལོ་ལྔ་རེར་ཞིབ་བཤེར་བྱེད་པའི་ནང་རྐྱེན་ལག་བསྟར་བྱེད་པ་དང་།ཞིབ་བཤེར་མཇུག་འབྲས་དེ་ཏང་སྲིད་མགོ་ཁྲིད་ལ་ཕྱོགས་བསྡུས་ཞིབ་བཤེར་དཔྱད་འཇོག་དང་ལས་བྱེད་པར་བྱ་དགའ་གནང་བ་དང་ཆད་པ་གཅོད་པ། གོ་གནས་བསྐོ་འཐེན་གྱི་གཞི་འཛིན་ས་གཙོ་བོ་བྱེད་དགོས་པ་གསལ་པོར་བསྟན།

ཞིབ་བཤེར་བྱེད་ཐབས་ལས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་ལ་དཔྱད་འཇོག་དང་ཞིབ་བཤེར་བྱེད་པ་དེ་ཐོན་ཁུངས་ཁོར་ཡུག་དང་སྐྱེ་ཁམས་ཁྱབ་ཁོངས་ལ་འབྲེལ་ཡོད་ཆེད་དོན་ཞིབ་བཤེར་བྱས་པའི་རྨང་གཞིའི་སྟེང་སྤེལ་དགོས་ཤིང་།དཔྱད་འཇོག་དང་ཞིབ་བཤེར་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ་སྤེལ་དགོས།ལོ་རེའི་དཔྱད་འཇོག་དེ་ལོ་རེའི་ཟླ8པའི་ཟླ་མཇུག་སྔོན་འགྲུབ་པ་དང་། དམིགས་འབེན་ཞིབ་བཤེར་དེ་ལོ་ལྔའི་འཆར་འགོད་དུས་ཡུན་མཇུག་གྲིལ་བའི་ཕྱི་ལོར་སྤེལ་དགོས་ཤིང་ཟླ9པའི་ཟླ་མཇུག་སྔོན་འགྲུབ་དགོས།

ཞིབ་བཤེར་བྱེད་ཐབས་ལས་གཏན་འཁེལ་གསལ་པོ་བྱས་དོན།  ལོ་རེའི་དཔྱད་འཇོག་ཁྲོད་ལྗང་མདོག་འཕེལ་རྒྱས་དམིགས་ཚད་མ་ལག་གཞིར་བཟུང་སྟེ། གཙོ་བོ་ས་གནས་སོ་སོས་ཐོན་ཁུངས་བེད་སྤྱོད་དང་ཁོར་ཡུག་བཅོས་སྐྱོང་། ཁོར་ཡུག་སྤུས་ཀ སྐྱེ་ཁམས་སྲུང་སྐྱོབ། འཕར་བའི་སྤུས་ཀ ལྗང་མདོག་འཚོ་བ། མང་ཚོགས་ཀྱི་ཡིད་ཚིམ་ཚད་སོགས་ཕྱོགས་ཀྱི་འགྱུར་ལྡོག་འཕེལ་ཕྱོགས་དང་འགུལ་ཚུལ་འཕེལ་ཚུལ་བཅས་ལ་དཔྱད་འཇོག་བྱས་ཏེ། ས་གནས་སོ་སོའི་ལྗང་མདོག་འཕེལ་རྒྱས་ཀྱི་གཞི་གྲངས་ཆགས་སུ་འཇུག་དགོས།ལོ་རེའི་དཔྱད་འཇོག་མཇུག་འབྲས་དེ་དམིགས་འབེན་ཞིབ་བཤེར་ནང་ཚུད་དགོས།

དམིགས་འབེན་ཞིབ་བཤེར་བྱེད་པའི་ནང་དོན་ནི་གཙོ་བོ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་རྩ་གནད་ནང་གཏན་ལ་ཕབ་པའི་ཐོན་ཁུངས་ཁོར་ཡུག་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དང་། དེ་མིན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་བྱས་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་ཆེན་པོ་གྲུབ་ཚུལ་བཅས་འདུས།

ཞིབ་བཤེར་བྱེད་ཐབས་ལས་བསྟན་དོན། ཞིབ་བཤེར་བྱེད་སྐབས་མང་ཚོགས་ཀྱི་ཐོབ་སྣང་འབུར་དུ་ཐོན་དགོས་པ་དང་། དམིགས་འབེན་ཞིབ་བཤེར་བྱེད་སྐབས་བརྒྱ་ཆའི་ལམ་ལུགས་ལྟར་སྐར་གྲངས་རྒྱག་པ་དེ་ཚོད་འཛིན་རང་བཞིན་གྱི་དམིགས་འབེན་གྲུབ་ཚུལ་བཅས་དང་ཟུང་འབྲེལ་གྱི་བྱེད་ཐབས་སྤྱོད་དགོས་ཤིང་། མཇུག་འབྲས་ལ་ཕུལ་བྱུང་དང་བཟང་པོ།  ཚད་མཐུན། ཚད་དང་མི་མཐུན་པ་བཅས་རིམ་པ་བཞི་བགོ་དགོས།

ཞིབ་བཤེར་མཇུག་འབྲས་ཕུལ་བྱུང་ཡིན་པའི་ས་ཁུལ་ལ་གཟེངས་བསྟོད་དང་། ཞིབ་བཤེར་མཇུག་འབྲས་ཚད་དང་མི་མཐུན་པའི་ས་ཁུལ་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གཏོར་བརླག་བྱས་པ་ཚབས་ཆེན་ཡིན་ཞིང་འགན་འཁྲི་དོན་རྐྱེན་མང་པོ་བྱུང་བའི་ས་གནས་ཀྱི་ཏང་སྲིད་འགན་ཁུར་པ་གཙོ་བོ་དང་འབྲེལ་ཡོད་འགན་ཁུར་པའི་འགན་འཁྲི་རྩད་གཅོད་དགོས། །  

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།