ཀྲུང་གོ་བོད་ཀྱི་དྲ་བ།

ཚིག་མཛོད་ཆེན་མོ་དཔེ་སྐྲུན་བྱས་པ་དང་ཚིག་མཛོད་དཔེ་སྐྲུན་བྱས་ནས་ལོ་འཁོར་བརྒྱད་ཅུ་ལོན་པའི་བཞུགས་མོལ་ཚོགས་འདུ་ཧྲང་ཧེ་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚིག་མཛོད་ཆེན་མོ་དཔེ་སྐྲུན་བྱས་པ་དང་ཚིག་མཛོད་དཔེ་སྐྲུན་བྱས་ནས་ལོ་འཁོར་བརྒྱད་ཅུ་ལོན་པའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་དགུ་ཉིན་ཧྲང་ཧེ་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧན་ཀྲིན་གྱིས་ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས་པར་མ་ཟད་གཏམ་བཤད། ཁོས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཚིག་མཛོད་དང་ཚིག་མཛོད་ཆེན་མོ་དཔེ་སྐྲུན་བྱས་པའི་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་རིག་གནས་ཀྱི་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་བཏང་ནས། རིག་གནས་ཀྱི་མཉེན་ཤུགས་ཇེ་ཆེར་གཏོང་དགོས། རིག་གནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་བྱེད་དགོས་ལ། རིག་གནས་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པར་ཡིད་འཇོག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།