ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཚིག་མཛོད་ཆེན་མོ་དཔེ་སྐྲུན་བྱས་པ་དང་ཚིག་མཛོད་དཔེ་སྐྲུན་བྱས་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚིག་མཛོད་ཆེན་མོ་དཔེ་སྐྲུན་བྱས་པ་དང་ཚིག་མཛོད་དཔེ་སྐྲུན་བྱས་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་བར་མ་ཟད། རིག་གནས་བཟོ་སྐྲུན་ཆེན་པོ་དེ་གཉིས་ཀྱི་ཐད་ལ་ནུས་ཤུགས་གང་ཡོད་བཏོན་པའི་རྒྱ་ཆེའི་ཆེད་མཁས་པ་དང་ཤེས་ཡོན་ཅན། དེ་མིན་བློ་མཐུན་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས།

ཞི་ཅིན་ཕེན་གྱིས་འཕྲིན་ཡིག་ནང་བསྟན་དོན། ཚིག་མཛོད་དང་ཚིག་མཛོད་ཆེན་མོ་ནི་རྣམ་པ་རྒྱ་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཚིག་མཛོད་ཅིག་ཡིན་ལ། དེ་ལས་མིའི་རིགས་ཀྱི་དཔལ་ཡོན་ཕུལ་བྱུང་གྲུབ་འབྲས་ཁྱོན་ཡོངས་ནས་མཚོན་པར་བྱས་ཡོད་པ་དང་། ཀྲུང་ཧྭ་དཔལ་ཡོན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་ངོམས་ཡོད་པར་མ་ཟད། མི་དམངས་ཀྱི་བསམ་བློའི་འཇིག་རྟེན་ཕུན་སུམ་ཚོགས་པར་གཏོང་བ་དང་མི་དམངས་ཀྱི་བསམ་བློའི་སྟོབས་ཤུགས་ཇེ་ཆེར་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཡོད། ཚང་མས་རིག་གནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱེད་དགོས་ལ། སྤུས་ཚད་ལེགས་པའི་རིག་གནས་བཟོ་སྐྲུན་གལ་ཆེན་མུ་མཐུད་ནས་ལག་བསྟར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ་དང་རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་ཇེ་ཆེར་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།