ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཅིན་ཧེ་ཕིན་ལ་རིམ་པ་དང་པོའི་མཁའ་སྐྱོད་བྱས་རྗེས་བྱ་དགའ་གནང་བ་དང་ཁྲིན་ཏུང་ལ་དཔའ་བོ་མཁའ་སྐྱོད་པའི་གཟི་བརྗིད་མཚན་སྙན་གནང་བར་མ་ཟད་རིམ་པ་གསུམ་པའི་མཁའ་སྐྱོད་བྱས་རྗེས་བྱ་དགའ་གནང

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཅིན་ཧེ་ཕིན་ལ་རིམ་པ་དང་པོའི་མཁའ་སྐྱོད་བྱས་རྗེས་བྱ་དགའ་གནང་བ་དང་ཁྲིན་ཏུང་ལ་དཔའ་བོ་མཁའ་སྐྱོད་པའི་གཟི་བརྗིད་མཚན་སྙན་གནང་བར་མ་ཟད་རིམ་པ་གསུམ་པའི་མཁའ་སྐྱོད་བྱས་རྗེས་བྱ་དགའ་གནང་བའི་ཆོད་དོན་སྤེལ།

ཆོད་དོན་ནང་བསྟན་དོན། བློ་མཐུན་ཅིན་ཧེ་ཕིན་དང་ཁྲིན་ཏུང་གཉིས་ནི་མཁའ་སྐྱོད་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་དོན་ཁྲོད་དུ་ཞུགས་པའི་དཔའ་བོ་མཁའ་སྐྱོད་པ་ཡིན་ལ། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱུད་རིམ་ཁྲོད་ཀྱི་དུས་རབས་གདོང་ལེན་པ་ཡིན། ཀྲུང་དབྱང་གིས་ཏང་ཡོངས་དང་དམག་དཔུང་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཁོ་ཚོ་མིག་དཔེ་བྱས་ཏེ། ཁོ་ཚོས་ཏང་ལ་གཅེས་ཤིང་རྒྱལ་ཁབ་ལ་དྲན་ལེན་འཇལ་བ་དང་། འགན་འཁྲི་དང་ལེན་བྱས་པའི་འདུ་ཤེས་དྲག་པོར་སློབ་སྦྱོང་བྱེད་པ་དང་། ཁོ་ཚོས་འགན་འཁྲི་ལྗིད་མོ་དང་ལེན་དང་ལས་གནས་བརྟན་སྲུང་བྱས་པའི་འབད་འཐབ་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་ལ། ཁོ་ཚེས་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཞིང་སྒེར་སེམས་མེད་པར་བྱས་རྗེས་བཞག་པའི་བླ་མེད་སྤྱོད་ཚུལ་ལ་སློབ་སྦྱོང་བྱེད་པ་དང་། ཁོ་ཚོས་གཟབ་ནན་ཞིབ་ཕྲ་དང་ཡག་ཐོག་ཡག་བརྩེགས་བྱས་པའི་སྤྱོད་ཚུལ་བཟང་བོར་སློབ་སྦྱོང་བྱས་ཏེ། ཧུར་ཐག་སྒོས་རང་རང་གི་ལས་གནས་སུ་བྱས་རྗེས་ཆེན་པོ་འཇོག་དགོས་པའི་འབོད་སྐུལ་བཏང་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།