ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་2016ལོའི་ལོ་ཚོགས་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张高丽1.jpg

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲང་ཀའོ་ལིས་པེ་ཅིན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2016ལོའི་ལོ་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།
 

张高丽2.jpg

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲང་ཀའོ་ལིས་པེ་ཅིན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2016ལོའི་ལོ་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲང་ཀའོ་ལིས་ཚེས་བརྒྱད་ཉིན་པེ་ཅིན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2016ལོའི་ལོ་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཐེངས་འདིའི་ལོ་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་སྐྱེ་ཁམས་དཔལ་ཡོན་གྱི་ཀྲུང་གོ་དང་འཛམ་གླིང་ཞེས་པ་དེ་རེད།

ཀྲུང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་འཐབ་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་གཏན་འཁེལ་བྱས་ཏེ། དེང་སྐབས་དང་ཕྱིན་ཆད་དུས་སྐབས་ཤིག་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཐོ་རིམ་ཇུས་འགོད་དང་ལམ་ལུགས་སྤྱི་ཁོག སྲིད་ཇུས་མ་ལག་བཅས་ཆགས་པར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དེ་ཀྲུང་གོའི་མི་དམངས་ཀྱི་སེམས་སུ་ཆགས་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཟེར།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་རྒྱུ་རེད། གཅིག་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྤེལ་བ་དང་སྦྲེལ་ཏེ། ལྗང་མདོག་གི་འཕེལ་རྒྱས་འདུ་ཤེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་སྦྲེལ་ནས། ལྗང་མདོག་དང་འཁོར་རྒྱུག ཐཱན་ཉུང་འཕེལ་རྒྱས་བཅས་ལ་མྱུར་དུ་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ཏེ། སྐྱེ་ཁམས་ཁོར་ཡུག་ཐད་གནས་པའི་གནད་དོན་གཙོ་བོ་ནུས་ཡོད་སྒོས་ཐག་གཅོད་བྱེད་དགོས། གསུམ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་དང་འདྲི་གཅོད་བྱ་བར་གཙིགས་འཛིན་བྱས་ནས། མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་འཁྲི་ལམ་ལུགས་འཛུགས་དགོས། བཞི་ནི་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞི་དང་བཅོས་སྒྱུར་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་སྟེང་ཁྲིད་པར་བྱེད་དགོས། ལྔ་ནི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱ་བསྐྱེད་དེ། མཉམ་དུ་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།