ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

王岐山在江苏调研时强调1.jpg

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་ནས་ཚེས་དྲུག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་ཅང་སུའུ་ཞིང་ཆེན་གྱི་ཀྲིན་ཅང་གྲོང་ཁྱེར་ལ་གཟིགས་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་ཞིང་ལྗོངས་ཁ་ཤས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་བསྡུས།

王岐山在江苏调研时强调2.jpg

པར་འདི་ནི་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། ཝང་ཆི་ཧྲན་ཅང་པིན་གྲོང་སྡེ་གསར་བའི་སྡོད་ཁུལ་དང་པོར་ཕེབས་ནས་ཏང་ཡོན་མང་ཚོགས་དང་བརྗེ་རེས་མཛད། 

王岐山在江苏调研时强调3.jpg

པར་འདི་ནི་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། ཝང་ཆི་ཧྲན་ཅང་པེན་གྲོང་སྡེ་གསར་བའི་སྡོད་ཁུལ་དང་པོར་ཕེབས་ནས་ཏང་ཡོན་མང་ཚོགས་དང་བརྗེ་རེས་མཛད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་ཚེས་ལྔ་ཉིན་དང་ཚེས་དྲུག་ཉིན་གཉིས་ལ་ཅང་སུའུ་ཞིང་ཆེན་གྱི་ཀྲིན་ཅང་གྲོང་ཁྱེར་ལ་གཟིགས་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་ཞིང་ལྗོངས་ཁ་ཤས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སང་ལོའི་བྱ་བ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་ཁྲིམས་འཛིན་བྱ་བའི་ཚོད་ལྟའི་སྲོལ་ཡིག་གཏན་འཁེལ་བྱེད་པའི་བསམ་འཆར་བསྡུ་ལེན་བྱེད་པར་ཇུས་འགོད་བཟང་བོ་བྱས།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་དེར་གོ་བ་ལེན་པ། ལག་ལེན་མཐར་ཕྱིན་བྱེད་པ་བཅས་གཉིས་སློབ་གཅིག་བྱེད་སློབ་སྦྱོང་སློབ་གསོ་བྱ་འགུལ་དང་ཟུང་འབྲེལ་བྱེད་དགོས་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བར་བྱས་ནས། བསམ་བློ་དང་དོན་དངོས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ཏེ། རྒྱུན་འཁྱོངས་དང་ཟབ་སྤེལ་བྱེད་པའི་ཁྲོད་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཝང་ཆི་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། རྩ་འཛུགས་དང་ལམ་ལུགས་གསར་གཏོད་བྱེད་པ་དང་། རང་སྟེང་གི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ཏང་ནང་གི་ལྟ་སྐུལ་བྱ་བ་བཟང་བོར་སྒྲུབ་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་ཉིད་ལ་ཚོད་འཛིན་བྱེད་པ་དེ་ཏང་ནང་གི་ལྟ་སྐུལ་དང་དམངས་གཙོ་ལྟ་སྐུལ། མང་ཚོགས་ལྟ་སྐུལ། གླེང་ཕྱོགས་ལྟ་སྐུལ་བཅས་དང་ཟུང་འབྲེལ་བྱས་ནས། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཏང་ལ་བློ་དཀར་ཞིང་ཀུན་སྤྱོད་གཙང་ལ་ཁག་ཁུར་བྱེད་ཕོད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་སུས་ལྟ་སྐུལ་བྱེད་པའི་གནད་དོན་ལ་ལན་བཟང་བོ་ཞིག་བཏབ་སྟེ། ཏང་གི་ཡིད་ཆེས་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་སྟོང་ཟད་དུ་གཏོང་མི་རུང་ཟེར།

གཟིགས་ཞིབ་བྱེད་སྐབས། ཝང་ཆི་ཧྲན་ཆེད་དུ་ཅང་སུའུ་ཧིན་ཧྲུན་སྐྱུར་ཁུ་ལས་རིགས་ཚད་ཡོད་ཀུང་ཟིར་ཕེབས་ཏེ་ཏང་འཛུགས་བྱ་བར་གཟིགས་ཞིབ་མཛད་པ་དང་། ཅང་པེན་གྲོང་སྡེ་གསར་བའི་སྡོད་ཁུལ་དང་པོར་ཕེབས་ནས་ཏང་ཡོན་མང་ཚོགས་དང་བརྗེ་རེས་མཛད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།