ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བ་པེ་ཅིན་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平1.jpg

ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 
 

习近平2.jpg

ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ཆེན་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བ་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་མི་དམངས་གཙོ་ཡིན་པའི་གསར་རྩོམ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་ལེན་རྒྱུན་འཁྱོངས་བྱེད་པ། གསར་སྐྲུན་རང་བཞིན་གྱི་སྒྱུར་བཅོས་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། སྒྱུ་རྩལ་གྱི་ཕུགས་བསམ་ཏང་དང་མི་དམངས་ཀྱི་ལས་དོན་དང་འབྲེལ་འདྲིས་བྱེད་པ་དང་། སེམས་ལ་མི་དམངས་བཅངས་པ། འགན་འཁྲི་ཕྲག་ཏུ་འཁུར་ཏེ། དུས་རབས་ཀྱི་འབོད་པ་མཚོན་པ་དང་། མི་དམངས་ཀྱི་འབད་འཐབ་ངོམ་པ། མི་རིགས་ཀྱི་སྙིང་སྟོབས་ཇེ་ཆེར་གཏོང་བ་བཅས་ཕུལ་བྱུང་བརྩམས་ཆས་སྔར་ལས་མང་པོ་གསར་རྩོམ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དུས་རབས་ཀྱི་རིག་རྩལ་གྱི་ཡང་རྩེ་སྐྲུན་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ཆེན་ལ་ཞུགས།

སྔ་དྲོའི་དུས་ཚོད་བཅུའི་སྟེང་ཚོགས་ཆེན་ཚོགས་མགོ་བརྩམས། ཚང་མ་ཡར་ལངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།

སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཚོགས་ཆེན་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། འཐུས་མི་ཡོངས་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཏང་གིས་དུས་དང་རྣམ་པ་ཀུན་དུ་རིག་རྩལ་བྱ་བར་མཐོང་ཆེན་བྱེད་ཀྱིན་ཡོད། དེའི་རྒྱུན་མཚན་ནི་རིག་རྩལ་ལས་དོན་ནི་ཏང་དང་མི་དམངས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་ལ། རིག་རྩལ་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གལ་ཆེན་ཞིག་ཡིན་པ་དེ་རེད། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ཏང་གི་འབོད་སྐུལ་དང་ལེན་བྱས་ནས། མི་དམངས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀུན་གྱིས་དད་མོས་བྱེད་པ་དང་མིའི་སེམས་སུ་བབ་པའི་ཕུལ་བྱུང་བརྩམས་ཆས་མང་པོ་གསར་རྩོམ་བྱས་ནས། ཀྲུང་གོའི་སྙིང་སྟོབས་འདོན་སྤེལ་བྱས་པ་དང་། ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་བསྡུས་པར་མ་ཟད། ང་ཚོ་ཏང་གིས་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་ལྡན་དང་ཕྱག་སྒྱུར། མི་དམངས་བདེ་སྐྱིད་བཅས་ཀྱི་ཐད་ལ་བྱས་རྗེས་ཧ་ཅང་གལ་ཆེན་བཞག

ཞི་ཅིན་ཕེན་གྱིས་གསུང་བཤད་སྐབས་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་ལ་རེ་བ་བཞི་བཏོན་པ་སྟེ། གཅིག་ནས་ཚང་མས་རིག་གནས་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ་རིག་རྩལ་ལ་བརྟེན་ནས་མི་རིགས་ཀྱི་སྙིང་སྟོབས་ཇེ་ཆེར་གཏོང་དགོས་པར་རེ་བ་བྱེད་པ་དང་། གཉིས་ནས་ཚང་མས་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། རིག་རྩལ་བརྩམས་ཆས་བཟང་བོར་བརྟེན་ནས་མི་དམངས་ལ་བསྟོད་བསྔགས་བྱེད་དགོས་པར་རེ་བ་བྱེད་པ། གསུམ་ནས་ཚང་མས་སྤོབས་པ་ཆེན་པོས་གསར་གཏོད་དང་གསར་སྐྲུན་བྱས་ཏེ། ཕུལ་བྱུང་རིག་རྩལ་ལ་བརྟེན་ནས་རིག་གནས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་རེ་བ་བྱེད་པ། བཞི་ནས་ཚང་མས་སྒྱུ་རྩལ་གྱི་ཕུགས་བསམ་དམ་པོར་བཟུང་སྟེ། བླ་མེད་རིག་རྩལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཁྲིད་སྟོན་བྱེད་དགོས་པར་རེ་བ་བྱེད་པ་བཅས་ཡིན་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ནི་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་ལ་འབྲེལ་འདྲིས་བྱེད་པའི་ལས་ཁུངས་ཤིག་ཡིན་པས། རིག་རྩལ་བྱ་བ་སྒྲུབ་མཁན་མཐུན་སྒྲིལ་བྱེད་པའི་ཐད་ལ་འགན་འཁྲི་གཙོ་བོ་འཁུར་ཡོད། གནས་བབ་གསར་བའི་འོག ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིད་སྟོན་ལ་ཤུགས་སྣོན་པ། འབྲེལ་འདྲིས་ལ་ཤུགས་སྣོན་པ། ནུས་པ་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། རིག་རྩལ་འཐབ་ཕྱོགས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་གསར་རྩོམ་ནུས་པ་ཇེ་ཆེར་བཏང་སྟེ། རིག་རྩལ་ལས་དོན་དར་རྒྱས་གོང་འཕེལ་དུ་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་རིམ་པ་སོ་སོའི་ཏང་ཨུ་ཡིས་རིག་རྩལ་བྱ་བ་གཙིགས་འཛིན་བྱས་ནས། རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་དོན་ལ་མཛུབ་སྟོན་དང་སྐུལ་འདེད་གཏོང་དགོས་ལ། རིག་རྩལ་ཆོས་ཉིད་མཐུན་པའི་བྱེད་ཐབས་སྤྱད་དེ་རིག་རྩལ་ལས་དོན་ལ་མགོ་ཁྲིད་བྱེད་པ་དང་། རིག་གཞུང་དམངས་གཙོ་དང་སྒྱུ་རྩལ་དམངས་གཙོ་འདོན་སྤེལ་གང་ལེགས་བྱས་ནས། རིག་རྩལ་བྱ་བ་སྒྲུབ་མཁན་གྱི་བརྩོན་སེམས་དང་གསར་སྐྲུན་རང་བཞིན་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སུང་ཅ་ཀྲིན་གྱིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་ཕུལ་བ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཆིན་དབྱི་ཀྲི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དམག་ཨུའི་ཆབ་སྲིད་བྱ་བའི་པུའུ་ཡི་ཀྲུའུ་རིན་ཀྲང་ཡང་གཉིས་ཀྱིས་སོ་སོར་རྟེན་འབྲེལ་ཞུ་ཚིག་ཕུལ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེ་དབྱི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།