ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་ཀྲུང་གོ་ན་ཡོད་པའི་ཁུ་པའི་གཞུང་ཚབ་ཁང་དུ་ཕེབས་ནས་ཁུ་པའི་གསར་བརྗེ་གཙོ་འཛིན་ཧྥེ་ཏི་ཨར་ཁ་སི་ཐི་ལོ་སྐུ་གཤེགས་པར་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཀྲུང་གོ་ན་ཡོད་པའི་ཁུ་པའི་གཞུང་ཚབ་ཁང་དུ་ཕེབས་ནས་ཁུ་པའི་གསར་བརྗེ་གཙོ་འཛིན་ཧྥེ་ཏི་ཨར་ཁ་སི་ཐི་ལོ་སྐུ་གཤེགས་པར་མྱ་ངན་ཞུས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕེན་ཀྲུང་གོ་ན་ཡོད་པའི་ཁུ་པའི་གཞུང་ཚབ་ཁང་གི་མྱ་ངན་ཞུ་བའི་ཚོམས་ཁང་དུ་ཕེབས། ཚོམས་ཁང་དུ་ཧྥེ་ཏི་ཨར་ཁ་སི་ཐི་ལོ་ཡི་སྐུ་འདྲ་བཀལ་ཡོད་པ་དང་། ཞི་ཅིན་ཕེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན། ཅང་ཙེ་མེན། ཧུའུ་ཅིན་ཐོ་བཅས་ཀྱིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་ཧྥེ་ཏི་ཨར་ཁ་སི་ཐི་ལོའི་སྐུ་འདྲའི་མདུན་དུ་བཞག་ཡོད།

ཞི་ཅིན་ཕེན་ཧྥེ་ཏི་ཨར་ཁ་སི་ཐི་ལོའི་སྐུ་འདྲའི་མདུན་དུ་ཕེབས་ཏེ་མྱ་ངན་ཞུས་པར་མ་ཟད་གུས་བ་ལན་གསུམ་བྱས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བློ་མཐུན་ཧྥེ་ཏི་ཨར་ཁ་སི་ཐི་ལོ་ནི་ཁུ་པ་གུང་ཁྲན་ཏང་དང་ཁུ་པ་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་གསར་སྐྲུན་མཁན་དང་ཁུ་པ་མི་དམངས་ཀྱི་རླབས་ཆེན་གཙོ་འཛིན་ཡིན། ཁོ་ནི་ང་ཚོ་དུས་རབས་འདིའི་རླབས་ཆེན་མི་སྣ་ཞིག་ཡིན་ལ། ཁོས་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཐད་ལ་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་པ་དང་རྒྱལ་ཁབ་སོ་སོའི་དྲང་བདེན་ལས་དོན་ཐད་རྒྱབ་སྐྱོར་བྱས་པ་དེ་ནམ་ཡང་བརྗེད་མི་སྲིད། ང་རང་དེ་རིང་དངོས་སུ་ཡོངས་སྟེ་མྱ་ངན་ཞུ་བ་ནི་ཁུ་པའི་བློ་མཐུན་ལ། དམིགས་བསལ་གྱི་སྐབས་འདིར་ཀྲུང་གོ་ཏང་དང་སྲིད་གཞུང་། མི་དམངས་ཀྱིས་ཁུ་པ་ཏང་དང་སྲིད་གཞུང་། མི་དམངས་བཅས་དང་མཉམ་འབྲེལ་དམ་པོ་བྱེད་པ་མཚོན་པར་བྱས་པ་ཡིན། ཀྲུའུ་ཞི་ལའོ་ཨར་ཁ་སི་ཐི་ལོ་ཡི་མགོ་ཁྲིད་འོག ཁུ་པ་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་བློ་མཐུན་ཧྥེ་ཏི་ཨར་ཁ་སི་ཐི་ལོ་ཡི་འདོད་བློ་རྒྱུན་འཛིན་བྱེད་པ་དང་། སྐྱོ་གདུང་སྟོབས་ཤུགས་སུ་བསྒྱུར་ནས་ཁུ་པ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལས་དོན་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པར་ཡིད་ཆེས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།