ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཁུ་པའི་གསར་བརྗེ་གཙོ་འཛིན་ཁ་སི་ཐི་ལོ་སྐུ་གཤེགས་པའི་ཐད་ལ་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་མཁན་ལའོ་ཨར་ཁ་སི་ཐི་ལོ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་མཁན་ལའོ་ཨར་ཁ་སི་ཐི་ལོ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་ཁུ་པའི་གསར་བརྗེ་གཙོ་འཛིན་བློ་མཐུན་ཧྥེ་ཏི་ཨར་ཁ་སི་ཐི་ལོ་སྐུ་གཤེགས་པར་ཆེས་སྐྱོ་གདུང་ཆེན་པོའི་སྒོ་ནས་མྱ་ངན་ཞུས་ཤིང་། ཁུ་པ་སྲིད་གཞུང་དང་མི་དམངས། བློ་མཐུན་ཧྥེ་ཏི་ཨར་ཁ་སི་ཐི་ལོའི་ཁྱིམ་མི་བཅས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས།

ལིས་ཁི་ཆང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། བློ་མཐུན་ཧྥེ་ཏི་ཨར་ཁ་སི་ཐི་ལོ་ཡིས་རང་ཉིད་ཀྱི་ཚེ་གང་བོར་ཁུ་པའི་མི་རིགས་བཅིངས་འགྲོལ་དང་རྒྱལ་ཁབ་འཕེལ་རྒྱས་ལས་དོན་ཐད་ཕུལ། ཁོ་ནི་ཀྲུང་གོ་དང་ཁུ་པའི་འབྲེལ་བའི་གསར་གཏོད་མཁན་དང་སྲུང་སྐྱོབ་མཁན། སྐུལ་འདེད་གཏོང་མཁན་བཅས་ཡིན་ལ། ཀྲུང་གོ་དང་ཁུ་པའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁྱད་དུ་འཕགས་པའི་བྱས་རྗེས་བཞག་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཀྲུང་གོ་དང་ཁུ་པའི་བར་གྱི་མཛའ་བཤེས་ལ་གཅེས་སྤྲས་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ང་ཚོས་ཁུ་པ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཁུ་པ་གཉིས་ཀྱི་མཛའ་བཤེས་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།