ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཨེ་ཁཱ་ཏོར་དང་ཕེ་རུ། ཀྲི་ལི་བཅས་ལ་རྒྱལ་དོན་འཚམས་འདྲི་མཛད་རྒྱུ་མཇུག་རྫོགས་པར་མ་ཟད། ཕེ་རུའི་ལིས་མ་ནས་བསྡུས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བཞི་བར་ཞུག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨེ་ཁཱ་ཏོར་སྤྱི་མཐུན་རྒྱལ་ཁབ་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ། ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་བཅས་ལ་རྒྱལ་དོན་འཚམས་འདྲི་མཛད་པ་མཇུག་རྫོགས་པར་མ་ཟད། ཕེ་རུའི་ལིས་མ་ནས་བསྡུས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བཞི་བར་ཞུགས་རྗེས་ཕྱིར་པེ་ཅིན་ལ་ཐོན།

ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ་ཕིན་ལིས་ཡོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཝང་ཧུའུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལེ་ཀྲན་ཧྲུའུ། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲིས་སོགས་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྷན་དུ་པེ་ཅིན་ལ་ཐོན།  །
 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།