ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་གྱིས་ཀྲེ་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཀྲེ་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བགྲོད་ལམ་གསར་བ་གསར་གཏོད་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཏུ་བཞག་སྟེ་དོན་དངོས་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་གནད་དོན་ཁ་ཕྱོགས་འབུར་དུ་ཐོན་པར་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ས་ཆ་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་མཛད་སྐབས། ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོང་གིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་དང་སློབ་གསོའི་ནང་དོན་གལ་ཆེན་དུ་བཞག་སྟེ། ལོ་མཇུག་གི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་བཟང་བོར་བསྡུ་བ་དང་། སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཕན་འབྲས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།