ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་པེ་ཅིན་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨེ་ཁཱ་ཏོར་དང་ཕེ་རུ་ཀྲི་ལི་བཅས་ལ་རྒྱལ་དོན་འཚམས་འདྲིར་ཕེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

12.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཁྭ་ཏོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁི་ལོས་ཡ་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁུའུ་ཆིན་སི་ཅི། ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཆེ་ལེ་ཐི་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ། ཨེ་ཁཱ་ཏོར་དང་ཕེ་རུ། ཀྲི་ལི་བཅས་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་དང་། ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁུའུ་ཆིན་སི་ཅི་ཡིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཕེ་རུ་ཡི་ལིས་མ་ནས་འཚོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བཞི་བར་ཞུགས་རྒྱུ་རེད།

ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ་ཕིན་ལིས་ཡོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཝང་ཧུའུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལིས་ཀྲན་ཧྲུའུ། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་བཅས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་འགྲོ་རོགས་བྱས།     །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།