ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་པེ་ཅིན་གྲོང་ཁྱེར་གྱི་མཁར་ནུབ་ཆུས་དམངས་ཆེན་འཐུས་མིའི་འདེམ་ཤོག་འཕེན་པའི་འདེམ་བསྐོ་ལ་ཞུགས་སྐབས་མི་དམངས་ཀྱི་འདེམ་བསྐོའི་དབང་ཆ་དང་གདམ་ཡུལ་དུ་འགྱུར་བའི་དབང་ཆར་འགན་སྲུང་བྱས་ནས་འདེམ་བསྐོ་བྱ་བའི་སྤྱོད་གཙང་སྲོལ་བཟང་དར་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平参加北京市区人大代表换届选举投票.jpg

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་གྲོང་ཁྱེར་མཁར་ནུབ་ཆུས་ཀྲུང་ནན་ཧེ་འདེམ་ཁུལ་གྱི་ཧོད་རིན་ཐང་འདེམ་ཤོག་འཕེན་པའི་ས་ཚིགས་སུ་ཕེབས་ཏེ་མཁར་ནུབ་ཆུས་དམངས་ཆེན་འཐུས་མིའི་འདེམ་ཤོག་འཕེན་པའི་འདེམ་བསྐོ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ནི་པེ་ཅིན་གྲོང་ཁྱེར་གྱི་ཆུས་དང་ཞང་གྲོང་རིམ་པ་གཉིས་ཀྱི་དམངས་ཆེན་འཐུས་མིའི་སྐབས་བརྗེ་འདེམ་བསྐོའི་འདེམ་ཤོག་འཕེན་པའི་ཉིན་མོ་ཡིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་མཁར་ནུབ་ཆུས་ཀྲུང་ནན་ཧེ་འདེམ་ཁུལ་གྱི་ཧོད་རིན་ཐང་འདེམ་ཤོག་འཕེན་པའི་ས་ཚིགས་སུ་ཕེབས་ཏེ་མཁར་ནུབ་ཆུས་དམངས་ཆེན་འཐུས་མིའི་འདེམ་ཤོག་འཕེན་པའི་འདེམ་བསྐོ་ལ་ཞུགས་པ་དང་། འདེམ་ཁུལ་དེའི་འདེམ་མི་སྟོང་གཅིག་དང་ཉིས་བརྒྱ་ལྷག་འདེམ་ཤོག་འཕེན་པར་ཞུགས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཞི་ཅིན་ཕེན་ཧོད་རིན་ཐང་འདེམ་ཤོག་འཕེན་པའི་ས་ཚིགས་ལ་ཕེབས་ཏེ་འདེམ་ཤོག་འཕེན་པའི་ས་ཚིགས་ཀྱི་བྱ་བ་སྒྲུབ་མཁན་ལ་བརྩེ་བའི་ཕྱག་འཇུ་གནང་བ་དང་འབྲེལ་ཡོད་འདེམ་བསྐོའི་དོན་དག་གསལ་བཤད་བྱས་པར་ཞིབ་མོར་ཉན། ཞི་ཅིན་ཕེན་གྱིས་འདེམ་དམངས་དཔང་ཡིག་ལས་བྱེད་མི་སྣར་བྱིན་ནས་ལྟ་ཞིབ་བྱས་པར་མ་ཟད་འདེམ་ཤོག་གཅིག་བླངས་ཏེ་ནན་ཏན་སྒོས་འཕེན་ཤོག་སྟེང་དུ་རྟགས་བརྒྱབ་རྗེས་འདེམ་ཤོག་འཕེན་པའི་སྒམ་ཆུང་གི་མདུན་དུ་ཕེབས་ནས་འདེམ་ཤོག་འཕངས།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་ཆེན་འདེམ་བསྐོ་ནི་རྒྱལ་ཡོངས་མི་དམངས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། འདེམ་བསྐོ་བྱ་བས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དམངས་གཙོ་དར་སྤེལ་རྒྱུན་འཁྱོངས་བྱེད་དགོས་ལ། ཁྲིམས་ལྟར་དོན་དག་བསྒྲུབ་ནས་མི་དམངས་ཀྱི་འདེམ་བསྐོའི་དབང་ཆ་དང་གདམ་ཡུལ་དུ་འགྱུར་བའི་དབང་ཆར་འགན་སྲུང་བྱེད་དགོས། འདེམ་བསྐོ་བྱ་བའི་ལྟ་རྟོག་ལ་ཤུགས་སྣོན་པ་དང་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ལ་བཟོད་སྒོམ་མི་བྱེད་པར་འདེམ་བསྐོ་བྱ་བའི་སྤྱོད་གཙང་སྲོལ་བཟང་ལ་འགན་སྲུང་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཁར་ནུབ་ཆུས་བུན་ཅིན་སྲང་ལམ་འདེམ་ཁུལ་གྱི་ཙི་ཀོང་ཀི་འདེམ་ཤོག་འཕེན་པའི་ས་ཚིགས་ནས་འདེམ་ཤོག་འཕངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མཁར་ནུབ་ཆུས་ཀྲུང་ནན་ཧེ་འདེམ་ཁུལ་གྱི་མི་དམངས་ཚོགས་ཁང་ཆེན་མོའི་འདེམ་ཤོག་འཕེན་པའི་ས་ཚིགས་ནས་འདེམ་ཤོག་འཕངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མཁར་ནུབ་ཆུས་དངུལ་ལོར་སྲང་ལམ་འདེམ་ཁུལ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་འདེམ་ཤོག་འཕེན་པའི་ས་ཚིགས་ནས་འཕེན་ཤོག་འཕངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་མཁར་ནུབ་ཆུས་ཀྲུང་ནན་ཧེ་འདེམ་ཁུལ་གྱི་ཧོད་རིན་ཐང་འདེམ་ཤོག་འཕེན་པའི་ས་ཚིགས་ནས་འདེམ་ཤོག་འཕངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་མཁར་ནུབ་ཆུས་ཏ་ཅའོ་འདེམ་ཁུལ་གྱི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཕེན་ཤོག་འཕེན་པའི་ས་ཚིགས་ནས་འདེམ་ཤོག་འཕངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་མཁར་ནུབ་ཆུས་བུན་ཅིན་སྲང་ལམ་འདེམ་ཁུལ་གྱི་ཙི་ཀོང་ཀི་འདེམ་ཤོག་འཕེན་པའི་ས་ཚིགས་ནས་འདེམ་ཤོག་འཕངས།

ཅང་ཙི་མེན་དང་ཧུའུ་ཅིན་ཐའོ་རྣམ་གཉིས་ཀྱིས་སོ་སོར་ལས་བྱེད་མི་སྣ་མངགས་ཏེ་མཁར་ནུབ་ཆུས་ཀྲུང་ནན་ཧེ་འདེམ་ཁུལ་གྱི་ཧོད་རིན་ཐང་འདེམ་ཤོག་འཕེན་པའི་ས་ཚིགས་ནས་འཕེན་ཤོག་འཕངས།

ཚེས་བཅོ་ལྔ་ཉིན། པེ་ཅིན་གྲོང་ཁྱེར་གྱིས་བསྡོམས་པས་འདེམ་ཤོག་འཕེན་པའི་ས་ཚིགས་ཁྲི་གཅིག་དང་ཉིས་སྟོང་ཉིས་བརྒྱ་བདུན་ཅུ་བཙུགས་པ་དང་འདེམ་མི་དགུ་བརྒྱ་ལྷག་གིས་འདེམ་ཤོག་འཕངས། འདེམ་གྲངས་མི་མཚུངས་པའི་འདེམ་བསྐོ་བརྒྱུད་དེ་སྐབས་གསར་བའི་མཁར་ནུབ་ཆུས་ཀྱི་དམངས་ཆེན་འཐུས་མི་སྟོང་བཞི་དང་སུམ་བརྒྱ་དོན་གསུམ་དང་ཞང་དང་གྲོང་རྡལ་གྱི་དམངས་ཆེན་འཐུས་མི་སྟོང་དགུ་དང་དགུ་བརྒྱ་ཞེ་བཞི་གདམ་ཐོན་འབྱུང་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།