ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་མིང་བཀོད་བཀའ་ཁྱབ་སྤེལ་ཏེ། མཚོ་དམག་གྲུ་སྡོད་མཁའ་སྐྱོད་དམག་དཔུང་ག་གེ་མོའི་རིམ་པ་དང་པོའི་འཕུར་སྐྱོད་པ་ཀྲང་ཁྲའོ་ལ་མཁར་དབྱིངས་སུ་ཕུགས་འདུན་སྙེག་པའི་སྟོབས་ལྡན་དམག་དཔུང་གི་གདོང་མཆོང་པའི་གཟི་བརྗིད་

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་མིང་བཀོད་བཀའ་ཁྱབ་སྤེལ་ཏེ། མཚོ་དམག་གྲུ་སྡོད་མཁའ་སྐྱོད་དམག་དཔུང་ག་གེ་མོའི་རིམ་པ་དང་པོའི་འཕུར་སྐྱོད་པ་ཀྲང་ཁྲའོ་ལ་མཁར་དབྱིངས་སུ་ཕུགས་འདུན་སྙེག་པའི་སྟོབས་ལྡན་དམག་དཔུང་གི་གདོང་མཆོང་པའི་གཟི་བརྗིད་མཚན་སྙན་གནང་།

བཀའ་ཁྱབ་ལས་བསྟན་དོན། བློ་མཐུན་ཀྲང་ཁྲའོ་ཡིས་དམག་དཔུང་སྟོབས་ལྡན་དུ་གཏོང་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བར་སེམས་ཤུགས་ཕུལ་བ་དང་ནུས་རྩལ་ཇེ་དྲག་ཏུ་གཏོང་བར་འབད་པ་བྱས་ལ། སྤོབས་པ་ཆེན་པོས་དཀའ་ཁག་ཁྱད་དུ་བསལ་བ་དང་བླ་མེད་གཤིས་ཀ་རྒྱུན་འཁྱོངས་བྱས་ཤིང་། ལས་གནས་སོ་སོ་རུ་རང་ནུས་གང་ཡོད་བཏོན་པ་དང་སྔ་གཞུག་ཏུ་ཐེངས་བཅུ་ལ་འཐབ་འཁྲུག་གྲ་སྒྲིག་སྐོར་ཞིབ་དང་རྒྱ་མཚོའི་དབང་ཆ་སྲུང་སྐྱོབ་སོགས་ལས་འགན་གལ་ཆེན་ལ་ཞུགས་པ་དང་ཡོངས་འགྲུབ་བྱས། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར་གྲུ་སྡོད་མཁའ་སྐྱོད་དམག་དཔུང་གི་འཕུར་སྐྱོད་པའི་གྲས་སུ་ཞུགས་རྗེས། སྔ་ལངས་འཕྱི་ཉལ་སྒོས་འཕུར་རྩལ་སྦྱོང་བ་རྒྱུན་འཁྱོངས་བྱས་ནས་གྲུབ་འབྲས་བཟང་བོ་བླངས། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་ཀྲང་ཁྲའོ་ཡིས་གནམ་གྲུ་རྟགས་བཅོ་ལྔ་ཅན་སྐོར་ནས་སྦྱོང་བརྡར་བྱེད་སྐབས་གློ་བུར་དུ་གནམ་གྲུ་ལ་ཆག་སྒོ་བྱུང་ནས་སྟབས་མ་ལེགས་པར་རང་སྲོག་བློས་བཏང་། བློ་མཐུན་ཀྲང་ཁྲའོ་ནི་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བྱུང་བའི་སྔོན་ཐོན་དཔེ་ལེགས་ཅན་ཡིན་ལ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལག་བསྟར་བྱས་པའི་དུས་རབས་ཀྱི་དཔེ་སྟོན་ཡིན་པ་དང་། བཞི་ལྡན་དུས་རབས་གསར་བའི་གསར་བརྗེ་དམག་མིའི་ཕུལ་བྱུང་འཐུས་མི་ཡིན་ཟེར། 
 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།