ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱིས་མཚོ་འགག་འགྲམ་གཉིས་ཀྱི་ལས་རིགས་སོ་སོར་ཤན་ཤུགས་དྲག་པོ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གཅིག་ཉིན་སྐུ་ཞབས་སུང་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ལྔ་བཅུ་ལོན་པར་རྗེས་དྲན་བྱེད་པའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་མཚོ་འགག་འགྲམ་གཉིས་ཀྱི་ལས་རིགས་སོ་སོར་ཤན་ཤུགས་དྲག་པོ་ཐེབས། མཚོ་འགག་འགྲམ་གཉིས་ཀྱི་ཆེད་མཁས་པ་དང་རིག་གནས་པ། འབྲེལ་ཡོད་མི་སྣ་བཅས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་དང་མེས་རྒྱལ་གཅིག་གྱུར་སྐོར་རྒྱས་བཤད་གལ་ཆེན་མཛད་པས། དེར་དམིགས་སའི་རང་བཞིན་དྲག་པོ་ལྡན་ལ། མཛུབ་སྟོན་དང་སྣེ་ཁྲིད་བྱེད་པའི་ནུས་པའང་ལྡན། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་མཐུན་སྒྲིལ་བྱེད་པ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཐའེ་ཝན་ཁ་བྲལ་དུ་གཏོང་བར་མཉམ་དུ་ངོ་རྒོལ་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྲུང་སྐྱོབ་བྱེད་པ། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།