ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་སྒེར་གྱི་ཆ་འཕྲིན་འཚོལ་བསྡུའི་ཚད་གཞི་ཟོ་བཞིན་ཡོད་ཅེས་བསྟན་པ།  

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2016-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་11ཉིན། ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་བདེ་འཇགས་མཐུན་སྦྱོར་ཅུད་ཀྱི་འགོ་འཛིན་ཀྲའོ་ཙེ་ལེང་གིས། གསར་ཏུ་གྲོས་འཆམ་བྱས་པའི་དྲ་སྦྲེལ་བདེ་འཇགས་བཅའ་ཁྲིམས་ནང་དྲ་སྦྲེལ་ཁེ་གཉེར་བྱེད་མཁན་གྱི་སྒེར་གྱི་ཆ་འཕྲིན་འཚོལ་བསྡུ་དང་ཉར་གསོག ཐག་གཅོད། བེད་སྤྱོད་གཏོང་བ། ནང་ཤུགས་གཏོང་བ་སོགས་ལྷུ་ཚིག་ཁག་ལ་གཏན་འབེབས་གསལ་པོ་བྱས་ཡོད་པ་དང་ཆ་འཕྲིན་འཚོལ་བསྡུ་བྱེད་མཁན་གྱི་འགན་འཁྲི་མངོན་བསལ་དུ་ནན་སྟོན་བྱས་ཡོད་ཅིང་ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་སྒེར་གྱི་ཆ་འཕྲིན་འཚོལ་བསྡུ་བྱེད་པའི་ཚད་གཞི་བཟོ་བཞིན་ཡོད་པ་དང་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་སྔར་ལས་ལྷག་པ་བྱེད་རྒྱུ་རེད་ཅེས་གསུངས་འདུག

སྤྱི་ཟླ་11ཚེས་7ཉིན། སྐབས་12པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་24པའི་ཐོག་བརྡས་ཐག་ཅད་ནས་གྲོས་འཆམ་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་བདེ་འཇགས་བཅའ་ཁྲིམས་ལ་དོ་ཁུར་རྒྱ་ཁྱབ་བྱས་པ་དང་ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་སྤྱི་ཚེས་11ཉིན་སྤྱི་དམངས་ནས་དོ་ཁུར་བྱེད་པའི་དོན་གནད་གཙོ་བོར་ལན་ཆ་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།