ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ལེགས་གྲུབ་ལྡན་པའི་ངང་ཡུན་ཧའེ་དང་པོ་རྟགས་ཅན་གྱི་སྲུང་སྐར་01འཕེན་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2016-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས12ཉིན་གྱི་ཆུ་ཚོད7དང་སྐར་མ14ཐོག རང་རྒྱལ་གྱི་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བརྒྱུད་ལེགས་གྲུབ་ལྡན་པའི་སྒོ་ནས་ཡུན་ཧའེ་དང་པོ་རྟགས་ཅན་གྱི་སྲུང་སྐར་01བར་སྣང་ཁམས་སུ་སྐྱེལ་ཡོད།ཡུན་ཧའེ་དང་པོ་རྟགས་ཅན་གྱི་སྲུང་སྐར་01ནི་གཙོ་བོ་རླུང་ཁམས་ཆེན་མོའི་རྒྱ་མཚོའི་ཁོར་ཡུག་གི་རྒྱུ་རྐྱེན་འཚོལ་ཞིབ་དང་། བར་སྣང་ཁམས་ཀྱི་ཁོར་ཡུག་འཚོལ་ཞིབ། གནོད་འགོག་གནོད་སེལ། ཚན་རིག་ཚོད་ལྟ་སོགས་ཁྱབ་ཁོངས་ནང་བེད་སྤྱོད་གཏོང་རྒྱུ་ཡིན་པ་རེད། ད་ཐེངས་འཕེན་གཏོང་བྱས་པའི་ཡུན་ཧའེ་དང་པོ་རྟགས་ཅན་གྱི་སྲུང་སྐར་01དང་ཆ་སྒྲིག་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ནི་ཀྲུང་གོའི་མཁའ་སྐྱོད་ཚན་རྩལ་ཚོགས་པ་ཀུང་སིའི་ཁོངས་གཏོགས་ཧྲང་ཧའེ་མཁའ་སྐྱོད་ལག་རྩལ་ཞིབ་འཇུག་ཁང་གིས་ཞིབ་བཟོ་བྱས་པ་ཞིག་རེད། དེ་ནི་རྒྱང་སྐྱོད་རྟགས་ཅན་གྱི་ཁོངས་གཏོགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་འཕུར་སྐྱོད་བྱེད་ཐེངས240པ་དེ་ཡིན་པ་རེད།  །


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།