ཀྲུང་གོ་བོད་ཀྱི་དྲ་བ།

སྐུ་ཞབས་སུང་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ལྔ་བཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་གཟབ་རྒྱས་ངང་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1478920645805206.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། སྐུ་ཞབས་སུང་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ལྔ་བཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས་པ་དང་། ལིས་ཁི་ཆང་དང་ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ཆེན་ལ་ཞུགས།

1478920659361742.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། སྐུ་ཞབས་སུང་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ལྔ་བཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐུ་ཞབས་སུང་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ལྔ་བཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྟེ། ཀྲུང་གོ་གུང་ཁྲན་ཏང་མི་ནི་སྐུ་ཞབས་སུང་ཀྲུང་ཧྲན་གསར་བརྗེ་ལས་དོན་གྱི་ཆེས་འགྱུར་བ་མེད་པའི་རྒྱབ་སྐྱོར་མཁན་དང་ཆེས་ལྷག་བསམ་གྱི་མཉམ་ལས་མཁན། ཆེས་རྣམ་དག་གི་རྒྱུན་འཛིན་མཁན་ཡིན། ང་ཚོས་སྐུ་ཞབས་སུང་ཀྲུང་ཧྲན་ལ་རྗེས་དྲན་བཟང་བོ་ཞུ་བ་ནི་མཐུན་སྒྲིལ་བྱེད་འོས་པའི་སྟོབས་ཤུགས་ཡོད་ཚད་མཐུན་སྒྲིལ་བྱེད་པ་དང་། སྐུལ་སློང་བྱེད་འོས་པའི་རྒྱུ་རྐྱེན་ཡོད་ཚད་ལ་སྐུལ་སློང་བྱས་ཏེ། སྐུ་ཞབས་སུང་ཀྲུང་ཧྲན་སོགས་གསར་བརྗེ་སྔོན་རབས་པ་སོགས་ཀྱིས་འབད་འཐབ་བྱས་པའི་རླབས་ཆེན་ལས་དོན་མུ་མཐུད་ནས་གོང་འཕེལ་དུ་གཏོང་བ་དང་། ཉེ་བའི་དུས་རབས་ཀྱི་ཚུན་ལ་ཕུགས་བསམ་ལྡན་པའི་མི་སྣ་ཚང་མས་འབད་འཐབ་བྱས་པའི་རླབས་ཆེན་ལས་དོན་མུ་མཐུད་ནས་གོང་འཕེལ་དུ་གཏོང་དགོས་ལ། ཉེ་བའི་དུས་རབས་ཀྱི་ཚུན་ལ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་འབད་འཐབ་བྱས་པའི་རླབས་ཆེན་ལས་དོན་མུ་མཐུད་ནས་གོང་འཕེལ་དུ་གཏོང་དགོས་པ་དེ་ཡིན་ཞེས་ནན་གྱིས་གསུངས།

ལིས་ཁི་ཆང་དང་ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ཆེན་ལ་ཞུགས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཚོགས་ཆེན་དངོས་སུ་མགོ་བརྩམས་པ་དང་ཚང་མ་ཡར་ལངས་ཏེ་རྒྱལ་གླུ་བླངས།

ཚོགས་ཐོག་ཏུ་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། ང་ཚོས་སྐུ་ཞབས་སུང་ཀྲུང་ཧྲན་ལ་རྗེས་དྲན་བཟང་བོ་ཞུ་བ་ནི་ཁོའི་རིན་ཐང་བྲལ་བའི་སྙིང་སྟོབས་ལ་སློབ་སྦྱོང་དང་དེ་རྒྱུན་འཛིན་བྱས་ཏེ། མཐུན་སྒྲིལ་བྱེད་འོས་པའི་སྟོབས་ཤུགས་ཡོད་ཚད་མཐུན་སྒྲིལ་བྱེད་པ་དང་། སྐུལ་སློང་བྱེད་འོས་པའི་རྒྱུ་རྐྱེན་ཡོད་ཚད་ལ་སྐུལ་སློང་བྱས་ནས། ཁོས་རེ་སྙེག་ཆེན་པོ་བྱེད་པའི་ཀྲུང་ཧྭའི་དར་སྤེལ་ལ་མུ་མཐུད་ནས་འབད་འཐབ་བྱེད་རྒྱུ་དེ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་ཚོས་སྐུ་ཞབས་སུང་ཀྲུང་ཧྲན་གྱིས་ནམ་ཡང་སྤྱི་དོན་བསམ་པ་དང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་བརྩེ་སེམས་ལ་སློབ་སྦྱོང་བྱེད་དགོས། རླབས་ཆེན་ལས་དོན་གང་ཞིག་ལེགས་འགྲུབ་འབྱུང་དགོས་ན་ངེས་པར་དུ་མི་དམངས་ཀྱི་ཁྲོད་དུ་གཞི་རྩ་འཚོལ་དགོས་པ་དང་མི་དམངས་ཀྱི་ཁྲོད་དུ་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པར་མ་ཟད་མི་དམངས་དང་མཉམ་དུ་ཡོངས་འགྲུབ་བྱེད་དགོས། དེང་སྐབས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ན། ང་ཚོ་ཏང་གིས་ངེས་པར་དུ་བློ་སེམས་བརྩེ་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་རྩ་བའི་དམིགས་འབེན་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་གོང་བཀུར་དང་རྒྱབ་སྐྱོར་བྱེད་པ་དེ་སྟོབས་ཤུགས་ཀྱི་འབྱུང་རྩ་བྱས་ཏེ། མི་དམངས་སེམས་ཁོང་གི་ཆེས་མཐོ་བའི་གོ་གནས་གལ་ཆེན་དུ་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། ཡོད་ཚད་མི་དམངས་ཀྱི་དོན་དང་ཡོད་ཚད་མི་དམངས་བརྟེན་དགོས་པ་རྒྱུན་འཁྱོངས་བྱེད་དགོས་ལ། ནམ་ཡང་མི་དམངས་བློ་དཀར་བ་སྲུང་འཛིན་བྱེད་པ་དང་ནམ་ཡང་མི་དམངས་དང་མཉམ་འབྲེལ་བྱས་ནས། ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་དེ་ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་འགྱུར་བར་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། སྐུ་ཞབས་སུང་ཀྲུང་ཧྲན་གྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱས་ཏེ། ལངས་ཕྱོགས་བརྟན་པོའི་སྒོ་ནས་རྒྱལ་ཁབ་ཁ་བྲལ་དང་མི་རིགས་ཁ་བྲལ་དུ་གཏོང་བའི་སྨྲ་བརྗོད་དང་བྱ་སྤྱོད་ཡོད་ཚད་ལ་ངོ་རྒོལ་བྱས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་ཀྱི་བདག་དབང་དང་མངས་ཁོངས་ཆ་ཚང་བ་སྲུང་སྐྱོབ་བྱེད་དགོས་པ་དང་། རྒྱལ་ཁབ་ཁ་བྲལ་གྱི་ལོ་རྒྱུས་སྐྱོ་གར་ཡང་བསྐྱར་འཁྲབ་པར་གཏན་ནས་བཟོད་སྒོམ་མི་བྱེད་པ་ནི་ང་ཚོས་ལོ་རྒྱུས་དང་མི་དམངས་ལ་ཁས་བླངས་པའི་དམ་བཅའ་ཡིན། རྒྱལ་ཁབ་ཁ་བྲལ་གྱི་བྱ་འགུལ་ཡོད་ཚད་ལ་ཀྲུང་གོ་མི་དམངས་ཡོངས་ཀྱིས་རྦད་ཆོད་སྒོས་ངོ་རྒོལ་བྱེད་ངེས་ཡིན། ང་ཚོས་མི་གང་རུང་དང་རྩ་འཛུགས་གང་རུང་། སྲིད་ཏང་གང་རུང་། དུས་ནམ་ཞིག་དང་རྣམ་པ་གང་རུང་ལ་བརྟེན་ནས་ཀྲུང་གོའི་མངས་ཁོངས་གང་ཞིག་ཀྲུང་གོ་དང་གཏན་ནས་ཁ་བྲལ་མི་ཆོག་ཟེར།

ཡུས་ཀྲིན་ཧྲིན་གྱིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལས་སྐུ་ཞབས་སུང་ཀྲུང་ཧྲན་གྱིས་མི་རིགས་རང་བཙན་དང་སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་ཡོང་བར་འབད་བརྩོན་ལྷོད་མེད་བྱས་པའི་འོད་སྟོང་འབར་བའི་མི་ཚེ་གང་བོར་རྗེས་དྲན་བྱས་པ་དང་། སྐུ་ཞབས་སུང་ཀྲུང་ཧྲན་གྱིས་ཉེ་བའི་དུས་རབས་སུ་ཀྲུང་གོ་མི་རིགས་དམངས་གཙོ་གསར་བརྗེ་ལ་མགོ་ཁྲིད་པའི་འཛད་མེད་བྱས་རྗེས་ལ་གདེང་འཇོག་ཆེན་པོ་བྱས་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་སྐུ་ཞབས་སུང་ཀྲུང་ཧྲན་གྱི་འདོད་བློ་རྒྱུན་འཛིན་བྱས་པ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མགོ་ཁྲིད་དེ་འབད་འཐབ་བྱས་པའི་ལོ་རྒྱུས་འཕེལ་རིམ་དང་རླབས་ཆེན་གྲུབ་འབྲས་ལ་ཕྱིར་དྲན་དང་སྤྱི་བསྡོམས་བྱས་ཡོད་པ་དང་། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་པ་རྒྱུས་བཤད་བྱས་ཡོད་ལ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་བརྟན་པོ་དང་འགྱུར་མེད་ཆོད་སེམས་བསྐྱར་སྒྲོག་ནན་མོ་བྱས་ཡོད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་སེམས་བརྩེ་གཅིག་དང་དཀའ་སྤྱད་འབད་འཐབ་བྱས་ནས། མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་ལས་དོན་ཆེན་པོ་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཚོགས་ཆེན་ལ་ཞུགས།

རྗེས་དྲན་ཚོགས་ཆེན་གྱི་སྔོན་ལ། ཞི་ཅིན་ཕེན་སོགས་ཀྱིས་སྐུ་ཞབས་སུང་ཀྲུང་ཧྲན་གྱི་གཉེན་ཉེ་དང་ཕྱི་རྒྱལ་མགྲོན་པོའི་འཐུས་མི་ལ་བརྩེ་བའི་ཐུག་འཕྲད་
 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།